༄༅། །བཻ་རོ་ཙ་ནའི་སྒྲུབ་ཕུག་ཏུ་གནས་མཇལ་ལ་ཕྱིན་པ།
རྩོམ་པ་པོ།:ཁུ་བྱུག
ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དུས་དེབ།
དུས་ཚོད།:2008-05-22
ཀློག་གྲངས།:
བོད་གངས་ཅན་གྱི་ལྗོངས་སུ་རོང་ཆེན་བཞི་ཞེས་གྲགས་པ་དབྱར་སྐྱེས་རྔ་གསང་ཆེན་པོའི་ལྡིར་སྒྲའི་གྲོགས་སུ་ཆས་པའི་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་དེ་གནའ་ནས་ད་བར་གྱི་རྒྱལ་ཁབ་ཕྱི་ནང་གི་སྐད་རིགས་སྨྲ་བ་དང་རིག་གནས་སྨྲ་བ། ལོ་རྒྱུས་སྨྲ་བ་རྣམས་ཀྱི་རྣ་བའི་རྒྱན་དུ་གྱུར། དེ་ཡང་ཤར་རྒྱལ་མོ་ཚ་བ་རོང་གི་ཁོངས་སུ་གཏོགས་པ། སྤྱི་ཚོགས་རྙིང་པར་ཅོག་ཙེའི་ཁོག་ཅེས་གྲགས། དེང་སང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་ཀྱི་ལྟེ་གནས་སུ་གྱུར་པའི་འབར་ཁམས་ནས་ཡར་སོང་བའི་ས་ལེ་དབར་བཅོ་ལྔའི་མཚམས་ཀྱི་གཡོན་ཕྱོགས་ཀྱི་རི་ངོར་སྙན་གྲགས་ཀྱི་བ་དན་མཁའ་ལ་འཕྱོ་བའི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་རིང་གི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནའམ་རྣམ་པར་སྣང་མཛད་ཀྱི་ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་སུ་གྱུར་པའི་དྲག་ཕུག་ཅིག་ཡོད། རི་དེའང་ལོ་ཆེན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་གནས་རི་ཡིན་པས་གནའ་ནས་ད་ལྟའི་བར་རྒྱལ་རོང་ཁོག་ཏུ་གྲགས་ཆེ་བའི་ཕྱིར་ན་དུས་རྒྱུན་དུ་མདོ་ཁམས་དང་ཁྱད་པར་རྒྱལ་མོ་རོང་ཁོག་གི་སྐྱ་སེར་དད་ལྡན་རྣམས་ལོ་རེར་གནས་མཇལ་དུ་ཕེབས་ཏེ་མཇལ་ཕྱག་སྐོར་གསུམ་བྱེད་བཞིན་མཆིས།
གཅིག བཻ་རོ་ཙ་ནའི་ཆེ་བ།
ཇི་སྐད་དུ། བདེ་བར་གཤིགས་པའི་གཞུང་ལུགས་བླ་ན་མེད། ། ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པ། ། སྐད་གཉིས་སྨྲ་མཁས་ལོ་ཙཱ་ཆེན་པོ་རྣམས། ། དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། ། ཞེས་གསུངས་པ་ལྟར་མི་རིགས་གང་འདྲ་ཞིག་ཡིན་རུང་ལོ་ཙཱ་བའམ་སྐད་གཉིས་སྨྲ་བ་རྣམས་ནི། རིག་གནས་དང་ཚན་རིག་ལག་རྩལ་སོགས་ཤེས་བྱའི་ཡུལ་ལ་ལྟ་བྱེད་ཀྱི་མིག་ལྟ་བུ་ཡིན་པས་མེད་དུ་མི་རུང་བ་ཉིད་དུ་གྱུར། དཔེར་ན་བོད་གངས་ཅན་ལ་མཚོན་ནས་བཤད་ན། བོད་སྔ་རབས་ཀྱི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ། དེ་ནས་རིམ་བྱོན་གྱི་ལོ་ཆེན་རིན་ཆེན་བཟང་པོ། འབྲོག་མི་ཤཱཀྱ་ཡེ་ཤེས། མར་པ་ཆོས་ཀྱི་བློ་གྲོས། རྔོག་ལོ་ཡབ་སྲས་གཉིས། ཕྱིས་སུ་ས་སྐྱ་པཎ་ཆེན། བུ་སྟོན་རིན་ཆེན་གྲུབ། ཤིང་སྟོན་རྡོ་རྗེ་རྒྱལ་མཚན། སྟག་ལོ་ཆེན་པོ་སོགས་གང་མང་དང་དུས་ཕྱིས་ཀྱི་ལོ་ཆེན་སི་ཏུ་བསྟན་པའི་ཉིན་བྱེད་སོགས་གཙོ་བོར་གྱུར་པའི་བོད་དུ་ལོ་པཎ་སྨྲ་བའི་དབང་ཕྱུག་ཆེན་པོ་རྒྱུ་སྐར་གྱི་གྲངས་ལས་བརྒལ་བ་མང་པོ་བྱུང༌། ལོ་ཙཱ་བ་དེ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་རྗེས་འཇུག་མཁས་པའི་བསྟན་བཅོས་གང་མང་བོད་ཡིག་ཏུ་བསྒྱུར་བའི་བོད་ཡིག་གི་བཀའ་བསྟན་གཉིས་སུ་གྲགས། ཁྱད་པར་བཅུ་ཕྲག་རིག་པའི་གནས་སོགས་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་ཡང༌།གཙོ་བོ་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་ལས་བོད་དུ་དར་ཞིང༌། དེའི་ཐོག་བོད་རང་གི་མཁས་པ་རྣམས་ཀྱིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བོད་ཀྱི་རིག་གནས་སྔར་ལས་ཕུན་སུམ་ཚོགས་པར་བྱས་པ་གོར་མ་ཆག དེ་ཡང་འདིར་གླེང་གཞིར་གྱུར་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་ནི། བོད་ལ་བཀའ་དྲིན་གཞལ་དུ་མེད་པའི་ལོ་ཙཱ་བ་ཆེན་པོ་ཞིག་ཡིན་པའི་ཕྱིར་ན་སད་མི་མི་བདུན་གྱི་ནང་གི་མཆོག་གྱུར་བཻ་རོ་ཙ་ན་ཞེས་བོད་ཀྱི་མཁས་པ་སྔ་ཕྱི་དག་གིས་མགྲིན་གཅིག་ཏུ་བཞེད། དཔེར་ན་ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱིས། བཻ་རོ་ཙ་ན་ནམ་མཁའ་དག་དང་མཉམ། ། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། ། རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །ཁོ་བོ་དེ་དྲུང་སྲིན་བུ་མེ་ཁྱེར་བཞིན། ། ཞེས་རྔོག་ལོ་ཆེན་པོའི་སྙན་རྩོམ་གྱི་ཚིགས་བཅད་འདི་ལས་ལོ་ཙཱ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ཉི་མ་ལྟར་མངོན་པར་མཐོ་བ་ནི་ལོ་ཆེན་བཻ་རོ་ཙ་ན་ཡིན་པར་བསྔགས། དེའི་གོང་ལ་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཀྱང༌། རྒྱ་བོད་མཁས་པ་བཻ་རོ་ཙ་ན་ཁྱོད། ། དབང་པོ་གསལ་ཞིང་ཤེས་རབ་རིག་པ་དྭངས། ། རིག་པ་རྣོ་ཞིང་བརྟུལ་ཞུགས་ཤིན་ཏུ་ཆེ། ། འདུ་ཤེས་མྱུར་ཞིང་ཚོར་བ་སྐྱེན་བློ་བསྟན། ། ཐུགས་རྗེ་ཆེ་ཞིང་བྱིན་རླབས་དྲེགས་པ་འདུལ། ། ཞེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་མྱོང་ལ། ལོ་ཆེན་རང་གིས་ཀྱང་གནས་མཆོག་མཆིམས་ཕུར་བླ་འབུམ་མར་གྲགས་པའི་འགྱུར་བྱང་དུ། བན་ཆུང་བོད་དུ་སྐྱེས་ཀྱང་དམ་པའི་ཆོས་ཀྱི་མཐོ་བ། ཤེས་བྱའི་ཆོས་ལ་མི་ཤེས་པའི་མུན་པ་དང་བྲལ་ནས་རབ་འབྱམས་གནས་ལུགས་ཟབ་མོ་ཁོང་དུ་ཆུད་པ། བློ་གྲོས་ཆུ་གཏེར་གྱི་གཏིང་མཐའ་མི་དཔོག་པ། རྒྱ་གར་པཎ་གྲུབ་རྣམས་ཀྱང་ཐུགས་ཞུམ་ནས་འདུད་པ་ལ་མངོན་པར་ཕྱོགས་པ། ལྟ་བ་ཀློང་དུ་བརྡོལ། རྒྱལ་པོའི་བླའི་མཆོད་གནས་ཀྱི་ཏོག་ཏུ་བཀུར་ཞིང༌། དཀའ་བ་བརྒྱ་ཕྲག་ཏུ་སྤྱད་ཀྱང་སེམས་ཞུམ་པ་དང་བྲལ་བ་ཤཱཀྱའི་དགེ་སློང་རྣམ་པར་སྣང་མཛད་ཅེས་གསུངས་པ་ནི་ལོ་ཙཱ་བ་བཻ་རོ་ཙ་ནས་རང་གི་རང་གི་རང་བཞིན་ཇི་ལྟ་བ་བརྗོད་པ་ཡིན་གྱིས་རང་མཐོ་འདོད་ཀྱི་བསྟོད་པ་མིན།གཉིས། སྒྲུབ་ཕུག་དེ་དུས་ཕྱིས་བོད་ཀྱི་སྐྱེས་ཆེན་གཞན་གྱི་སྒྲུབ་གནས་སུ་གྱུར་ཚུལ།
སྒྲུབ་ཕུག་འདིའི་མཚན་ལོ་རྒྱུས་ཀྱི་དཔེ་དེབ་གང་མང་དུ་ཚིག་ཟིན་ཡོད་ཅིང་ཁྱད་པར་鉄ཚངས་དབྱངས་རྒྱ་མཚོའི་གསང་རྣམ་鉅ལས། སླར་རྒྱལ་མོ་རོང་གི་ཕྱོགས་སུ་བལྟས་ཏེ་སོང་བས་དཀར་རྒྱ་དགོན་ཟེར་བ་བཻ་རོའི་ཆོས་ལུགས་བྱེད་པ་ཞིག་ཏུ་སླེབས། དེའི་ཉེ་སྐོར་དུ་བཻ་རོའི་བཞུགས་གནས་བྲག་ཕུག་བཟང་པོ་ཞིག་འདུག་པར་ཟླ་ཤས་བསྡད་པས་ཐུགས་དམ་གྱི་བོགས་དང༌། ལྟས་ཁྱད་

འབྲེལ་ཡོད་འོས་སྦྱོར།