མདོ་དབུས་མཐོ་སྒང་གི་གནམ་གཤིས་ཁྱད་ཆོས།
རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-09
ཀློག་གྲངས།:
མདོ་དབུས་མཐོ་སྒང་གི་གནམ་གཤིས་ནི་མཐོ་སྒང་སྐམ་སའི་གནམ་གཤིས་ལ་གཏོགས་ཏེ་ཆར་ཆུ་འབབ་ཉུང་ཞིང་སྐམ་ཤས་ཆེ། ཉི་མ་འཆར་བའི་དུས་ཡུན་རིང་ཞིང་འཕྲོ་ཚད་ཆེ་བ་དང༌། ས་བབ་མཐོ་ཞིང་གྲང་ལ་དབྱང་དབུགས་ཉུང༌། བྱེ་རླུང་འཚུབ་ཅིང་དྲོད་ཚད་དམའ་བ་དང་ཉིན་མཚན་གྱི་དྲོ་གྲང་ལ་ཁྱད་ཆེ་ཞིང་དུས་བཞིའི་འགྱུར་ལྡོག་མི་གསལ་ལ། དགུན་གྱི་འཁྱགས་ཡུན་རིང་ཞིང་དབྱར་བསིལ་དུས་ཐུང་བ་བཅས་ཀྱི་ཁྱད་ཆོས་ལྡན། མདོ་དབུས་མཐོ་སྒང་ན། བོད་རིགས་དང་སོག་རིགས། ཧོར་རིགས། མོན་པ་རིགས།ལྷོ་པ་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་ཡོད།
འབྲེལ་ཡོད་འོས་སྦྱོར།