logo

ལྷ་ལྡན་གཙུག་ལག་ཁང༌།

རྩོམ་པ་པོ།:ཚེ་བརྟན ཡོང་ཁུངས།:བོད་ལྗོངས་ཆ་འཕྲིན་ལྟེ་གནས། དུས་ཚོད།:2008-04-28 ཀློག་གྲངས།:

  ལྷ་ལྡན་ཞེས་པ་ནི་ལྷ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་ཡུལ་ཡིན་པའི་ཆ་ནས་དང༌། གཙུག་ལག་ཁང་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་བཤམ་ཡུལ་དང༌། དཀོན་མཆོག་གསུམ་བཞུགས་པའི་ཕོ་བྲང་གི་མཚན་དུ་འདོད། དེ་ལྟ་བུའི་མཚན་དང་ལྡན་པའི་ལྷ་སའི་གཙུག་ལག་ཁང་ནི་དུས་རབས་བདུན་པའི་བར་གྱི་ཆར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་བལ་བཟའ་ཁྲི་པཙུན་དང༌། རྒྱ་བཟའ་ཀོང་ཇོ་གཉིས་བསུས་ཤིང༌། བཙུན་མོ་སོ་སོའི་རྟེན་སྐལ། བལ་བཟའ་ཁྲི་བཙུན་ལ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་འཁོར་སོགས་ཡོད་པ་དང༌། རྒྱ་བཟའ་ཀོང་ཇོར་ཇོ་བོ་ཤཱཀྱ་མུ་ནེ་ཡོད་པས། རྟེན་སྐལ་དེ་རྣམས་འཇོག་ཡུལ་དགོས་ཙང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་བཟའི་ཐུགས་དགོངས་ལྟར་གཙུག་ལག་ཁང་ཞིག་བཞེངས་རྒྱུའི་ཞལ་བཞེས་བྱུང་དོན་བཞིན་རྒྱ་སས་ས་དཔྱད་བརྟག་པས་གངས་ཀྱི་ར་བས་ཡོངས་སུ་བསྐོར་བའི་ལྟེ་བ། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། རི་ལོགས་བཀྲ་ཤིས་རྟགས་བརྒྱད་སོགས་ས་དཔྱད་ངོ་མཚར་བའི་དགེ་མཚན་གྱིས་ཁོར་ཡུག་ཀུན་ནས་དཀྲིགས་པའི་དབུས་སུ་ར་ལ་ས་བཀལ་ཏེ་འོ་ཐང་མཚོ་བསྲུབས་ནས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་ཤིང༌། དེ་དང་དུས་མཉམ་དུ་རྒྱ་སྟག་ར་མོ་ཆེ་ཡང་བཞེངས་པས་དེ་གཉིས་ཀ་ཟླ་བ་བཅུ་གཉིས་
ཀྱི་དུས་ཡུན་ནང་མཉམ་དུ་ལེགས་པར་བསྐྲུན་པ་དང་གཞན་ཡང་རྒྱ་བཟའ་ཀོང་ཇོའི་རྩིས་ཁོག་ནས་བཤད་པའི་ཉེ་བའི་ས་དགྲ་བཟློག་ཆེད་གཙུག་ལག་ཁང་འདིའི་ཤར་ལྷོར་རྡོ་ལས་བསྐྲུན་པའི་དབང་ཕྱུག་ཆེན་པོའི་རྟེན་དང༌། ལྷོ་ནུབ་ཏུ་རྡོ་བརྐོས་བྱ་ཁྱུང༌། ནུབ་ཏུ་རྡོའི་མཆོད་རྟེན། བྱང་དུ་རྡོའི་སེང་གེ་སོགས་ཀྱི་ཁ་རྣམས་ཕྱོགས་དང་ཕྱོགས་མཚམས་སོ་སོར་གཏད་དགོས་པར་བསྟན་པ་སོགས་ལོ་རྒྱུས་ཀྱི་ཡིག་ཆར་བྲིས་པ་དང་ཡོངས་སུ་མཐུན་པ་ལྷ་ཁང་ལྟེ་བའི་བར་ཁང་གི་ཕྱི་ལྡེབས་རྩིག་པའི་ངོས་སུ་ད་ལྟའང་གནས་ཡོད། སྲོང་བཙན་སྒམ་པོས་རྒྱ་བལ་གྱི་རྒྱལ་པོ་གཉིས་ལས་བུ་མོ་སློང་སྐབས་ཀྱི་ཆད་བཙན་པར་བྱ་བའི་ཕྱིར་གཙུག་ལག་ཁང་འདིའི་སྒོ་ནུབ་དང༌། ར་མོ་ཆེ་ལྷ་ཁང་གི་སྒོ་ཤར་ལ་གཏད་དུ་བཅུག་པ་སོགས་གསལ་ལོ།
གཙུག་ལག་ཁང་འདི་ཐོག་མར་བཞེངས་སྐབས་ཇོ་ཁང་སྟེང་འོག་དང་དཀྱིལ་འཁོར་མཐིལ་བཅས་འདུས་པའི་ཐོག་ས་ཉིས་བརྩེགས་མ་ཞིག་རང་ཡིན་ཞིང་བཟོ་བཀོད་ཐད་མེས་རྒྱལ་ནང་ས་དང༌། བལ་པོ། རྒྱ་གར་སོགས་ཀྱི་ཁང་པའི་བཟོ་དབྱིབས་སྒྱུ་རྩལ་ཡང་མི་ཉུང་བ་ཉམས་ལེན་བྱས་ཡོད། དུས་རབས་སོ་སོར་ཉམས་གསོ་གནང་ཡོད་པས་གཙོ་ཆེ་བ་འགའ་བརྗོད་ན་མིང་རྒྱལ་རབས་ཁྲི་ལོ་ཧུང་ཝུ་ཡི་དུས་དཀྱིལ་ཙམ་ལ་ཙོང་ཁ་པ་བློ་བཟང་གྲགས་པས་སྣེ་གདོང་སྡེ་པར་ཞུ་སྐུལ་བྱས་ཏེ་ལྷ་ས་གཙུག་ལག་ཁང་འདིར་ཉམས་གསོ་རྒྱ་སྐྱེད་གཞི་ཁྱོན་ཆེ་ཙམ་ཞིག་བྱས ལྷ་ཁང་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་མཚམས་ཙོང་ཁ་པས་བོད་རབ་བྱུང་བདུན་པའི་ས་གླང་ལོ་སྟེ་སྤྱི་ལོ་༡༤༠༩ལོར་ཤཱཀྱ་མུ་ནེར་གསེར་གྱི་པྲོག་ཞུ་ཕུལ་ནས་ལོངས་སྐུའི་ཆ་བྱད་དུ་བསྒྱུར་པ་དེ་ནས་བཟུང་“ཇོ་བོ་རིན་པོ་ཆེ་鉋ཞེས་པའི་ཐ་སྙད་ཆགས་པར་གྲགས།
ལྷ་ས་གཙུག་ལག་ཁང་འདིར་གཞི་རྒྱ་ཆེ་བའི་ཉམས་གསོ་རྒྱ་སྐྱེད་དང་རྒྱས་སྤྲོས་ཆེ་ཤོས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བས་བོད་ཀྱི་སྲིད་དབང་བཟུང་བ་ནས་འགོ་བཙུགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དབང་འཛིན་བྱེད་པའི་བར་ལོ་ངོ་བཅུ་ཕྲག་བཞི་ཙམ་གྱི་རིང་ལ་རིམ་བཞིན་བཟོ་སྐྲུན་བྱས་སྟབས་གཞི་རྩའི་ཆ་ནས་ད་ཡོད་ཀྱི་བཟོ་དབྱིབས་འདི་ཆགས་པ་ཡིན།
 གཙུག་ལག་ཁང་འདིའི་ཐོག་མའི་རྟེན་གཙོ་ནི་རྒྱལ་བ་མར་མེ་མཛད་ཡིན་པ་དང༌། ད་ལྟ་ཇོ་བོའི་སྐུ་རྒྱབ་ཏུ་བཞུགས་པའི་ཇོ་བོ་མི་འགྲོ་གསུང་བྱོན་ཞུ་བ་དེ་ཡིན།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གྱིམ་ཤིང་ཀོང་ཇོས་ཇོ་བོ་ཤཱཀྱ་མུ་ནེ་གཙང་ཁང་དབུས་མའི་རྟེན་གཙོ་ལ་བཞུགས་སུ་གསོལ་བར་གྲགས། གཙོ་བོའི་མཐའ་སྐོར་དུ་ཐུབ་པ་གངས་ཆེན་མཚོ་རྒྱལ་དང༌། སེམས་དཔའ་དང་སེམས་མ་བཅུ་གཉིས། བྱམས་པ། འཇམ་དབྱངས་ཁྲོ་བོ་གཉིས་དང་བཅས་པ་བཞུགས་ཤིང༌། ཇོ་བོའི་སྐུ་མདུན་དུ་རྒྱུན་བཀང་གསེར་ཀོང་བཅུ་གཉིས་ཀྱིས་མཚོན་པའི་མར་མེ་སྐར་ཚོགས་བཀྲ་བ་ལྟར་ཕུལ་ཡོད། སྒོ་མཆོར་འོག་ཏུ་བསམ་ཡས་གཙུག་ལག་ཁང་གི་ས་ཕུད་ལས་བཞེངས་པའི་རྒྱལ་ཆེན་བཞི་བཞུགས། འོག་ཁང་དུ་ཇོ་བོ་ར་མ་རྒྱལ་མོ་དང༌། ཐུགས་རྗེ་ལྷ་ཁང༌། རྒྱལ་བ་ཙོང་ཁ་བ་སོགས་ཀྱི་འཇིམ་བརྙན་བཞུགས། བར་ཁང་དུ་རྟེན་གཙོ་བླ་མ་དུང་དཀར་འབྲུག་གྲགས་ཀྱིས་བཞེངས་པའི་ཆོས་རྒྱལ་ཡབ་ཡུམ་གསུམ་དང༌། སྲས་གུང་རི་གུང་བཙན། དེ་བཞིན་གཡུང་དྲུང་ལྷ་ཁང་ནང་རྒྱལ་བོ་སྐུ་ལྔ་འཁོར་བཅས་དང་ཚེ་རིང་མ་བཅས་ཐུགས་རྟེན་མང་དུ་བཞུགས། གསུམ་ཐོག་ཏུ་ཆོས་རྒྱལ་གྱི་ཤང་ཚལ་ལས་བྲིས་པའི་དཔལ་ལྷ་མོའི་སྐུ་ཐང་ནང་བཞུགས་སུ་ཕུལ་བའི་དཔལ་ལྷ་མོའི་འཇིམ་སྐུས་མཚོན་པའི་རྟེན་མང་པོ་བཞུགས། ཡང་ཐོག་ཏུ་ལྷ་མོ་དྲག་མོ་འཁོར་བཅས་དང༌། ཚེ་རིང་མཆེད་ལྔ་ལ་སོགས་པའི་ཐུགས་རྟེན་ཇི་སྙེད་ཡོད། དཀྱིལ་འཁོར་མཐིལ་དུ་གསེར་ཟངས་ཀྱི་བྱམས་ཆེན་གཉིས་དང༌། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང༌། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་སོགས་མང་དུ་བཞུགས་སོ།
 བར་སྐོར་ནུབ་བྱང་མཚམས་སུ་ཉག་དེ་རིན་ཆེན་གྲགས་ཀྱིས་བཞེངས་པའི་སྒྲོལ་མ་ལྷ་ཁང་ནང་རྟེན་གཙོ་བོ་རྡོ་སྐུ་རང་བྱོན་གྱི་སྒྲོལ་མ་གསུམ་གྱི་མཐར་སྒྲོལ་མ་ཉི་ཤུ་རྩ་གཅིག་གིས་བསྐོར་བ་བཞུགས། བར་སྐོར་གྱི་ཁྱོན་དུ་ལྡེབས་བྲིས་ཀྱིས་བཀང་བ་སྟེ། བྱང་གི་གྱང་སྐྱར་མདོ


འབྲེལ་ཡོད་འོས་སྦྱོར།