༄༅།།རི་བོ་གྲགས་ཅན་བཅུ་ཡིས་མཚོ་སྔོན་གྱི་མཛེས་ལྗོངས་གྲུབ་ཡོད་པ་ཤེས་སམ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2020-12-09
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཡོད་ལ། ཁོངས་གཏོགས་ཀྱི་ས་ཆ་མང་ཆེ་བ་ནི་མཐོ་ཚད་ལ་སྨི3000ཡན་ཡོད་པའི་རི་བོ་ཡིན། དེའི་ནང་ནས་ཀྱང་། རི་བོ་གྲགས་ཅན་བཅུ་ཡིས་མཚོ་སྔོན་གྱི་ངོ་མཚར་མཛེས་ལྗོངས་དག་གྲུབ་ཡོད།
གཅིག ཁུ་ནུ་རི་བོ།
གཉིས། ཨ་མྱེས་རྨ་ཆེན་གངས་རི།
གསུམ། རི་བོ་གཡུ་འབྲུག་སྟག་རྩེ།
བཞི། རི་བོ་དཔལ་ལྷ་སྟག་རྩེ།
ལྔ། ཨ་མྱེས་སྟོང་སོ་རི་བོ།
དྲུག བཙུན་མོ་དམར་ཡག་རི་བོ།
བདུན། སྐུ་ལྷ་དར་མདུང་རི་བོ།
བརྒྱད། ཨ་མྱེས་བྱ་ཁྱུང་རྫ་རི།
དགུ། བ་ཡན་ཧ་རི།
བཅུ། གཉན་ཆེན་ཞལ་དཀར་རི་བོ།
གཅིག ཁུ་ནུ་རི་བོ།
བར་སྣང་ནས་མཐོང་བའི་ཁུ་ནུ་རི་བོའི་མཛེས་ལྗོངས། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
ཁུ་ནུ་རི་བོ་ནི་ཨེ་ཤ་ཡའི་དབུས་ཁུལ་ན་ཡོད་ཅིང་། དེ་ལ“རི་རབ་ཀྱི་རྒྱལ་པོ”དང“ཡོབ་གླིང་དང་ཨེ་ཤ་ཡ་སྐམ་ས་ཆེ་མོའི་སྒལ་ཚིགས”ཞེས་འབོད། ཁུ་ནུ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་གི་ས་ཡོམ་གྱི་ཤུལ་རྗེས་དང་འཁྱག་ཀླུང་གི་ས་དབྱིབས་ནི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆེན་པོ་ཡོད་པར་མ་ཟད། ཐུན་མིན་གྱི་མཐོ་སྒང་གི་སྐྱེ་ཁམས་མ་ལག་ནི་ཚན་རིག་ཞིབ་འཇུག་དང་རི་འཛེག་མྱུལ་ཞིབ། ལྗོངས་རྒྱུ་ལྟ་སྐོར་བཅས་གཅིག་འདུས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རང་བྱུང་སྤྱི་གླིང་ཞིག་ཡིན།གཉིས། ཨ་མྱེས་རྨ་ཆེན་གངས་རི།
ཨ་མྱེས་རྨ་ཆེན་གངས་རི། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
ཨ་མྱེས་རྨ་ཆེན་གངས་རི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ནུབ་བྱང་རྒྱུད་ན་ཡོད་ཅིང་། མཐོ་ཚད་ལ་སྨི6282ཙམ་ཡོད། འདི་ནི་ཕྱི་ཕྱོགས་ཀྱི་ལྟ་སྐོར་པ་སྣེ་ལེན་བྱེད་པའི་རང་རྒྱལ་གྱི་རི་བོ་ཆེན་པོ་བཅུ་ཡི་ནང་གི་གཅིག་ཡིན་ལ། ཨ་མྱེས་རྨ་ཆེན་གངས་རི་དང་བོད་ལྗོངས་ཀྱི་གངས་རིན་པོ་ཆེ། ཡུན་ནན་གྱི་ཁ་བ་དཀར་པོ། ཡུལ་ཤུལ་གྱི་སྒ་སྟོད་ཇོ་བོ་བཅས་ནི་བོད་བརྒྱུད་ནང་བསྟན་གྱི་སྲུང་མ་ཆེན་པོ་བཞི་ཡིན།གསུམ། རི་བོ་གཡུ་འབྲུག་སྟག་རྩེ།
ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་ཆེས་མཐོ་བའི་རི་བོ་གཡུ་འབྲུག་སྟག་རྩེ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
རི་བོ་གཡུ་འབྲུག་སྟག་རྩེ་ཡི་མིང་གཞན་ལ་གངས་འཁྱག་ཀ་ཡེ་སུམ་ཐོད་ཅེས་ཀྱང་འབོད་ལ། མཐོ་ཚད་ལ་སྨི6178ཙམ་ཡོད། འདི་ནི་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་བོ་ཆེས་མཐོ་བ་དེ་ཡིན་ལ། དུས་བཞིར་ཁ་བས་གཡོགས་ཞིང་ཉེ་འཁོར་གྱི་རང་བྱུང་མཛེས་ལྗོངས་ཁྱད་དུ་འཕགས།བཞི། རི་བོ་དཔལ་ལྷ་སྟག་རྩེ།
རི་བོ་དཔལ་ལྷ་སྟག་རྩེ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
རི་བོ་དཔལ་ལྷ་སྟག་རྩེ་ནི་ཁུ་ནུ་རི་བོའི་དཀྱིལ་ཁུལ་དུ་ཡོད་ཅིང་། མཐོ་ཚད་ལ་སྨི5980ཙམ་ཡོད། རི་བོ་འདི་དང་གཡུ་འབྲུག་སྟག་རྩེ་གཉིས་ནི་ལྕམ་སྲིང་གི་འབྲེལ་བ་ཡིན། ད་དུང་། རི་བོ་དཔལ་ལྷ་སྟག་རྩེ་ནི་ཁུ་ནུའི་གཡང་ཊི་ཡི་ཐོན་ཡུལ་ཡིན་ལ། 2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་ནང་དུ་ཡུལ་འདི་ནས་ཐོན་པའི་གཡང་ཊི་ཡིས་ཕྲ་རྒྱན་བཀོད་ཡོད།ལྔ། ཨ་མྱེས་སྟོང་སོ་རི་བོ།
སྟོན་མཇུག་གི་ཨ་མྱེས་སྟོང་སོ་རི་བོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
ཨ་མྱེས་སྟོང་སོ་རི་བོ་འདི་ཡི་མཐོ་ཚད་ལ་སྨི4667ཙམ་ཡོད་ཅིང་། ཉེ་འཁོར་གྱི་རང་བྱུང་མཛེས་ལྗོངས་ལ་ས་བབ་ཀྱི་མཐོ་དམའ་ལྟར་དབྱར་དགུན་སྟོན་དཔྱིད་ཀྱི་མཛེས་པ་མཐོང་ཐུབ། ད་དུང་། རི་འདབས་ཀྱི་ས་ཆ་ལ“མདོ་ལ་ཡུལ་གྱི་རྩྭ་ས་ཆེན་པོ”ཞེས་འབོད།དྲུག བཙུན་མོ་དམར་ཡག་རི་བོ།
བཙུན་མོ་དམར་ཡག་རི་བོ་དང་དེའི་འདབས་ཀྱི་གྲོང་ཚོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
བཙུན་མོ་དམར་ཡག་རི་བོའི་མཐོ་ཚད་ལ་སྨི2930ཙམ་ལས་མེད་ནའང་། རི་བོ་འདི་ནི་ལྗོངས་གཟིགས་སྟེགས་བུ་ཞིག་དང་འདྲ་བར་ཉེ་རིང་གི་མཛེས་ལྗོངས་རྣམས་མིག་གི་ཟས་སུ་འགྱུར་བ་ཡིན། བཙུན་མོ་དམར་ཡག་མ་ནི་རི་འདིར་གནས་པའི་གཞི་བདག་ཅིག་ཡིན་ལ། ས་གནས་དེ་གའི་མང་ཚོགས་ཀྱིས་དེ་ལ་དད་པ་ཆེན་པོ་བྱེད་པ་ཡིན།བདུན། སྐུ་ལྷ་དར་མདུང་རི་བོ།
སྐུ་ལྷ་དར་མདུང་གངས་རི། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
སྐུ་ལྷ་དར་མདུང་རི་བོའི་མཐོ་ཚད་ལ་སྨི5231ཙམ་ཡོད་ཅིང་། འདི་ནི་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་ན་ཡོད་པར་མ་ཟད། ད་དུང་རྨ་ཆུའི་མགོ་ཁུངས་ཀྱང་ཡིན། སྐུ་ལྷ་དར་མདུང་གངས་རིའི་གངས་དར་ཇེ་ཆུང་དུ་ཕྱིན་པ་ལས་ས་གནས་དེ་གའམ་ཡང་ན་མདོ་དབུས་མཐོ་སྒང་དང་འཛམ་པོ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་བསྟན་ཡོད་པས། ཡུལ་འདི་ནས་ཚན་རིག་ཞིབ་འཇུག་བྱེད་པ་ལ་རིན་ཐང་ཆེན་པོ་ཡོད།བརྒྱད། ཨ་མྱེས་བྱ་ཁྱུང་རྫ་རི།
ཨ་མྱེས་བྱ་ཁྱུང་རྫ་རི། པར་རིས་མཚོ་བོད་དུ་སྐྱོད་ཅེས་པ་ལས་དྲངས།
ཨ་མྱེས་བྱ་ཁྱུང་རྫ་རི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་རྫོང་ན་ཡོད་ཅིང་། མཐོ་ཚད་ལ་སྨི4767ཙམ་ཡོད། རི་ངོས་གཟར་ཞིང་དུས་བཞིར་ཁ་བས་གཡོགས་ནས་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས་ལོ་ལྟར་དུ་གཞི་བདག་མཆོད་པའི་བྱེད་སྒོ་སྤེལ་ལ། ཐུན་རིན་རྫོང་གི་མཛེས་ལྗོངས་ཁུལ་གཙོ་བོ་ཞིག་ཀྱང་ཡིན།དགུ། བ་ཡན་ཧ་རི།
བར་སྣང་ནས་མཐོང་བའི་བ་ཡན་ཧ་རི། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
བ་ཡན་ཧ་རི་ནི་མཚོ་སྔོན་ཞིང་ཆེན་གྱི་དབུས་ལྷོ་རྒྱུད་དུ་ཡོད་ཅིང་། རྨ་ཆུ་དང་འབྲི་ཆུ་གཉིས་ཀྱི་དབྱེ་མཚམས་ཀྱང་ཡིན། རི་བོའི་མཐོ་ཚད་ལ་སྨི5369ཙམ་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ས་མཚམས་ཡིན།བཅུ། གཉན་ཆེན་ཞལ་དཀར་རི་བོ།
གཉན་ཆེན་ཞལ་དཀར་རི་བོ། པར་རིས་འགྲོ་ལམ་གསར་བ་ཞེས་པ་ལས་དྲངས།
གཉན་ཆེན་ཞལ་དཀར་རི་བོ་ནི་རྐང་ཚ་རྫོང་དང་མདའ་བཞི་རྫོང་གཉིས་ཀྱི་འབྲེལ་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་སྨི4385ཙམ་ཡོད། རི་རྩེ་ན་མཐོ་ལ་སྨི3དང་རྐེད་ཀྱི་སྦོམ་ཚད་ལ་སྨི3ཡོད་པའི་རྡོ་ཡི་ཀ་བ་ཞིག་ཡོད་པས། མྱུར་དཔྱད་ཡུལ་སྐོར་གྱི་གནས་མཆོག་ཅིག་ཡིན།
འབྲེལ་ཡོད་འོས་སྦྱོར།