༄༅།།ལྷ་གནས་བྲག་དཀར་སྤྲེལ་རྫོང་།
རྩོམ་པ་པོ།:པད་མ་རིག་འཛིན།
ཡོང་ཁུངས།: འབྲི་ཀློག་སྒྱུ་རྩལ་རིག་གནས་ལས་སྒྲུབ་ཁང་གི་འཕྲིན་སྟེགས།
དུས་ཚོད།:2020-12-15
ཀློག་གྲངས།:
ཞོགས་པ་སྔ་མོར་མལ་ལས་ལྡངས་ནས་འཆར་ཀའི་ཚོན་རིས་ཀྱིས་སྤྲས་པའི་མཛེས་ལྗོངས་ཀྱི་ཁྲོད། ཁྱིམ་སྤྱོད་རླངས་འཁོར་ལ་བསྡད་དེ་རྩི་གོར་ཐང་ནས་བྲག་དཀར་སྤྲེལ་རྫོང་དུ་བསྲིངས་པའི་ལམ་ཀྱག་ཀྱོག་དེར་ཞུགས་ནས་གནས་མཇལ་དུ་སོང་། འདི་ནི་ང་བྲག་དཀར་སྤྲེལ་རྫོང་དུ་གནས་མཇལ་ལ་འགྲོ་ཐེངས་གསུམ་པ་ཡིན། སྔོན་ཆད་དམའ་འབྲིང་གི་སྐབས་སུ་ཐེངས་ཤིག་ལ་འགྲོ་དུས། མཁའ་རུ་བསྙེགས་འདྲའི་གནས་རིའི་གཟི་བྱིན་གྱིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་ཞིང་། དེ་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཀྱང་རེད། དེ་རིང་གི་གནམ་གཤིས་ཧ་ཅང་དྭངས་པས། སེམས་སུ་སྨྲ་མི་ཤེས་པའི་སྤྲོ་བ་ཆེན་པོ་ཞིག་ངང་གིས་སྐྱེས་བྱུང་། རྫོང་མཁར་ནས་དགོན་པའི་བར་དུ་སྤྱི་ལེ་སུམ་ཅུ་ཙམ་ལས་མེད། འགྲོ་རོགས་ཚོ་དང་མཉམ་དུ་གཏམ་གྱི་སྒོ་མོར་ཞུགས་ནས་ཁ་བརྡ་སྣ་ཚོགས་བྱས་པས། ཧང་ཆུའི་ཁར་ཇི་ལྟར་སླེབས་པའང་མ་ཤེས།
ཧང་ཆུ་ནི་སྤྲེལ་རྫོང་དུ་འགྲོ་ཁར་ཅིས་ཀྱང་བརྒྱུད་དགོས་པའི་བྲག་དཀར་རྫོང་ཁོངས་ཀྱི་ཆུ་བོ་ཆེས་ཆེན་པོ་དེ་ཡིན་པ་དང་། ཆུ་བོ་འདིའི་མགོ་ཁུངས་ནི་ཧང་ཆུང་རྫ་མ་སྤུན་གསུམ་དུ་འབོད་པའི་རི་གསུམ་ཡོད་སའི་ཧང་ཆུང་གི་ཆུ་དེ་ཡིན། ཆུ་འདིའི་རིང་ཚད་ལ་སྤྱི་ལེ165.3དང་། འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3979ཡོད། ཆུ་ཆེན་འདིའི་འབབ་རྒྱུད་དུ་ཁྲ་ལྡང་དང་རོང་སྐོར་སོགས་བོད་སྡེ་སྐོར་ཞིག་ཆགས་འདུག་ལ། སྡེ་མི་དེ་དག་གིས་ཚེ་ཚེ་རབས་རབས་སུ་ཆུ་བོ་འདིར་བརྟེན་ནས་འཚོ་བ་རོལ་གྱིན་མཆིས་ཤིང། ཡང་རང་རང་ལ་དབང་བའི་གཏམ་རྒྱུད་དག་ལ་ཁ་དོག་རྣམ་པར་བཀྲ་བའི་འཚོ་བའི་ཚོན་རིས་སྣ་ཚོགས་བྱུགས་དང་འབྱུག་བཞིན་ཡོད།
ཧང་ཆུ་བསྐྱུར་ནས་བཙུན་མོ་ལུང་བ་བརྒལ་དུས་ངག་རྒྱུན་སྙན་མོ་དག་གིས་ཡིད་སེམས་དབང་མེད་དུ་འཕྲོག་ངེས།གཡས་ཕྱོགས་སུ་བལྟས་ཙ་ན།ཕྱོགས་གཅིག་བྲག་རི་དམར་པོ་དང་ཕྱོགས་གཅིག་ནགས་ཚལ་གྱིས་བརྒྱན་པའི་བྲག་རི་ཞིག་མིག་ལམ་དུ་འཆར་ཡོང་ཞིང་།དེའི་མིང་ལ་བཙུན་མོ་དམར་ཡག་མ་ཟེར།དེ་ཡང་བྲག་དཀར་སྤྲེལ་རྫོང་གི་གནས་བདག་ཞིང་སྐྱོང་གཉན་སྤྲེལ་ཟླ་བར་བཙུན་མོ་ཤིན་ཏུ་ཡག་མ་ཞིག་ཡོད་པ་དེ།ཉིན་ཞིག་དཔལ་ཁའི་ཨ་མྱེས་བ་ཡན་གྱིས་བློར་བབས་པ་དང་།མོའང་ཡིད་འཐད་བྱུང་ནས་ཨ་མྱེས་བ་ཡན་གྱི་རྗེས་དེད་དེ་བྲོས་པས།གནས་བདག་ཞིང་སྐྱོང་གཉན་སྤྲེལ་ཟླ་བར་ཞེ་སྡང་གི་མེ་ལྕེ་རབ་ཏུ་འབར་ནས་ར་མདར་སོང་སྟེ།བཙུན་མོ་ལུང་བ་ནས་རྗེས་ཟིན་པས་ཁོང་ཐུགས་ཤིན་ཏུ་ཁྲོས་ནས།བཙུན་མོའི་དབུའི་གཞོགས་གཅིག་གི་ཅོ་ཏོ་ཤུགས་ཀྱིས་བཞར་པས་སྐད་ཅིག་མར་ཁྲག་དམར་ཙར་ཙར་དུ་སོང་བ་དང་།གཞོགས་གཅིག་བསྐྱུར་པས་ད་སྐབས་ཀྱི་མིག་ལ་མཛེས་ཤིང་ཁེར་རྐྱང་དུ་གནས་པའི་བཙུན་མོ་དམར་ཡག་མ་ཞེས་པའི་བྲག་རི་འདི་ཡིན་པར་གྲགས། ཁྱེད་ཀྱི་རྡོག་སྣེ་གནས་མཆོག་འདིའི་གཞི་རུ་སྤོས་པ་ཙམ་གྱིས་ངག་རྒྱུན་སྙན་མོ་འདི་དག་ཉིད་ཀྱི་སྙན་དབང་དུ་རང་བཞིན་གྱིས་ལྷུང་ཡོང་།
བཙུན་མོ་ཆུའང་བཙུན་མོ་ལུང་བ་རུ་ལྷུང་ལྷུང་གིས་འབབ་པ་དང་། དེ་ནས་ཧང་ཆུར་འདྲེས་ཤིང་རྒྱང་རིང་དུ་ཆལ་ཆིལ་ངང་འབབ་པར་གཞིགས་ན། བཙུན་མོ་དམར་ཡག་མས་ཡུན་རིང་བོར་སེམས་སུ་སྦས་པའི་སྐྱོ་གདུང་གང་ཞིག་གླུ་རུ་གྱེར་པའི་ངང་ཚུལ་ལས་མ་འདས།
བོད་ཟླ་དྲུག་པའི་སྤྲེལ་ཐང་ནི་མེ་ཏོག་དང་ཡང་ན་སྦྲ་གུར་གྱིས་ཡོངས་སུ་ཁེངས་ཤིང་། ནོར་ལུག་གི་མུ་ཏིག་སྤང་གཤོང་དང་རི་རྐེད་དུ་མཛེས་སྡུག་གིས་བཀྲམ་འདུག མིང་མི་ཐོགས་པའི་མེ་ཏོག་གི་ཚོམ་བུ་མང་བོ་བྱེད་པོ་གང་ཞིག་གིས་བསམ་གཟས་ཏེ་བཏབ་པ་ཇི་བཞིན། སྤྲེལ་ཐང་ནས་དགོན་པའི་གནས་རིའི་རི་རྐེད་བར་དུ། ས་གདན་ཁྲ་བོ་ཞིག་བཏིངས་པ་ལྟར་བར་མཚམས་མེད་པར་ཡོངས་སུ་ཁྱབ་ཅིང་། མིག་ཟུང་གིས་ཕྱོགས་བཞི་མཚམས་བརྒྱད་ལ་ཞིབ་ཏུ་བལྟས་དུས། སྣང་བ་ཞིག་ལ་ཆོས་གོས་མནབས་ཤིང་འཁར་བར་བསྙེས་པའི་དགེ་སློང་ཞིག་གླེགས་བམ་གྱི་གསེབ་དང་། འཁོར་བའི་བཤད་རྒྱུན་ལས་ཞི་དུལ་གྱིས་བུད་དེ་ཞལ་འཛུམ་ཤིག་ཤིག་གིས་རྒྱང་རིང་ལ་གཤེགས་པའི་ཞབས་རྗེས་མཐོང་བྱུང་ལ། ཞབས་རྗེས་དེ་ཧང་ཆུ་སྔོན་མོའི་ཀྱག་ཀྱོག་གི་འགྲོས་དང་བསྟུན་ནས་རྒྱང་རིང་རྒྱང་རིང་ཞིག་ལ་བསྲིངས་འདུགལྷག་ཏུ་ཆེན་མོ་ཆུའི་འགྲམ་དང་བཀྲ་ཤིས་ལ་སོགས་སུ་ད་དུང་ཞབས་རྗེས་དེའི་མི་སེམས་དྲོ་བའི་མཛེས་པ་ཀོར་ཀོར་ཞིག་འོད་ཀྲིག་ཀྲིག་ཏུ་སྣང་ཞིང་སྣུམ་ཤིག་ཤིག་ངང་བཞུགས་ཡོད། སྒྲོལ་མའི་རིའི་ངོས་ནས་མདུན་ཕྱོགས་སུ་བལྟས་ཚེ། གནས་རི་དང་དགོན་པ་ཡོངས་རྫོགས་ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་ཇི་བཞིན་མཐོང་ཐུབ་སྟེ། གནས་རིའི་རི་ཞོལ་དུ་གསེར་འོད་ལམ་ལམ་འཕྲོ་བའི་རྒྱ་ཕིབས་མང་བོ་བརྗིད་ཆགས་ཀྱིས་འགྲེང་འདུག་པ་དང་། དཀར་རྩི་བྱུགས་པའི་གྲྭ་ཤག་ཆུང་ཆུང་དག་ནི་མིག་ལ་ཤིན་ཏུ་མཛེས་པ་ཞིག་རེད། འཇིག་རྟེན་འཁོར་བ་བློས་བཏང་བའི་གྲྭ་བཙུན་དག་རྡོ་གཅལ་གྱི་ངོས་དང་འདུ་ཁང་གི་མདུན་དུ་སེམས་ཆུང་ཞི་དུལ་སྒོས་སྐྱོད་པའང་མིག་གི་རྒྱན་དུ་འགྱུར་ངེས།
དེ་ཡང་སྔོན་ཆད་དགོན་པ་འདི་ད་ལྟའི་ཐང་ནག་ཡུལ་ཚོའི་ཁོངས་སུ་གཏོགས་པའི་སེང་ལྡེང་སྡེ་བར་ཆགས་ཡོད་པ་དང་། དེའི་དུས་གྲྭ་བཙུན་བཅུ་གསུམ་ལས་མེད་པར་བརྗོད། ཡག་མོའི་དཔོན་ཞེས་པའི་སྔགས་འཆང་གྲགས་ཅན་ཞིག་ཡོད་པ་དེས། ཨ་རོལ་ཚང་གི་གསེར་ཞལ་མཇལ་བ་ཙམ་གྱིས་འགྱུར་བ་མེད་པའི་དད་པ་ཆེན་པོ་སྐྱེས་པས། ཁོས“བདག་གཡོག་འཁོར་དང་བཅས་པའི་ཚེ་འདི་ཕྱི་གཉིས་ཀྱི་བློ་ཕུགས་གཏད་ས་དང་། རེ་ས་ནི་བླ་མ་རིན་པོ་ཆེ་ཁྱེད་གཅིག་པུ་མ་གཏོགས་མེད་པས།ཕྱོགས་འདིའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དམ་པས་དགོན་འདི་བདག་གིར་བཞེས་ཏེ་ཡུན་རིང་བཞུགས་རྒྱུ་དང་། བདག་ཅག་ཚེ་རབས་ཀུན་ཏུ་བླ་མ་ཁྱེད་དང་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་སྐྱབས་འཇུག”སོགས་དོན་གྱི་སྙིང་བོ་ལྡན་པའི་ཞུ་བ་ཕུལ་པར། སྐྱབས་རྗེ་ཉིད་ཐུགས་ཤིན་ཏུ་དགྱེས་པའི་ངང“ད་ནི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་། ངེད་ཀྱིས་རིང་ནས་སྨོན་པའི་བསམ་དོན་བདེ་བླག་ངང་འགྲུབ་པ་ཡིན”གསུངས་ཏེ། ཐུགས་མཉེས་པ་ཆེན་པོའི་སྒོ་ནས་བདག་གིར་བཞེས་པ་དང་།ཁོང་གི་སྐུ་འཁོར་ཁྲོད་ཀྱི་རབ་འབྱམས་པ་ཞིག་འཆད་ཉན་སློབ་དཔོན་དང་། གཅིག་དགེ་བསྐོས་སུ་བསྐོ་བཞག་མཛད། ཡག་མོའི་དཔོན་གྱིས་སྦྱིན་བདག་མཛད་དེ་འདུ་ཁང་ཞིག་ཀྱང་གསར་བཞེངས་བྱས།
རྗེས་སུ་ཨ་རོལ་ཚང་གིས་སྤྱིར་དགོན་པ་ཞེས་པ་གྲོང་ལས་རྒྱང་གྲགས་གཅིག་གིས་ཆོད་པའི་ཕ་རོལ། གནས་དབེན་པ་ཞིག་ཏུ་ཡོད་དགོས་པས་ན་དགོན་པ་ཟེར་ཞེས་པའི་ཚད་གཞི་དང་། ཁོང་གི་སྐུ་གོང་མ་སྐྱབས་མཆོག་ལུང་རིགས་རྒྱལ་མཚན་གྱིས་སྤྲེལ་རྫོང་གི་གནས་རིའི་མདུན་དུ་ཆོས་སྡེ་གསར་འདེབས་གནང་ན་ཀུན་ལ་ཕན་པའི་ལུང་བསྟན་དང་། ཁོང་རང་ཉིད་ལའང་སྔོན་ནས་བྲག་དཀར་སྤྲེལ་རྫོང་གི་གནས་རིའི་མདུན་དུ་དགོན་པ་ཞིག་འདེབས་འདོད་པའི་དགོངས་པ་ཐུགས་སུ་བརྟན་པོ་འཁྲུངས་ཡོད་ཚུལ་སོགས་སྦྱིན་བདག་ཀུན་ལ་གསལ་བོར་བརྗོད་པས། བསྟན་པའི་སྦྱིན་བདག་ཆེན་པོ་ས་སྐྱོང་ཇུ་དགེ་དཔོན་པོ་ངག་དབང་ནོར་བུ་དང་། དཔོན་བསོད་ནམས་རྒྱ་མཚོ་གཉིས་ཀྱིས་དགོན་ས་ཕུལ་ཞིང་མཐུན་རྐྱེན་མཐའ་དག་ཁས་བླངས་ཙ་ན། ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དུ་གསོལ་བའི་སྐྱེས་ཆེན་དམ་པ་གང་གི་ལྷ་རྫས་ལྟ་བུའི་རྨི་ལྟས་ཀྱི་དར་དཀར་ཡང་རིང་དུ་བརྐྱངས་ཏེ། སྤྱི་ལོ1923ལོར། གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་འདབས་རོལ་ཏུ། བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དངོས་སུ་ཕྱག་འདེབས་མཛད་ཅིང་། བྱ་བ་གང་མང་ཞིག་ཁོང་གིས་ངལ་བ་བརྒྱ་ཕྲག་དང་དུ་བླངས་ཤིང་། སྐུ་དངོས་ཀྱིས་ཕྲག་ཏུ་བཞེས་ནས་བརྩོན་པའི་རི་རབ་མཐོ་རུ་བརྩིགས་པས་ཡོད་ཚད་འདོད་སྨོན་ཇི་བཞིན་གྲུབ། དུས་དེ་ནས་བཟུང་། གནས་རིའི་ཆོས་སྒྲ་སྔར་ལས་སྙན་ཞིང་ཉིད་ཀྱི་ཐུགས་ཀྱི་མྱུ་གུ་ཡོངས་སུ་འབུས་པས། ཆོས་ལུགས་ཀྱི་དྲི་ཞིམ་གང་སར་འཐུལ་ཞིང་དད་ལྡན་གྱི་མཇལ་པའང་ཇེ་མང་ནས་ཇེ་མང་དུ་གྱུར། སྒྲོལ་མ་རི་དེ་སེམས་ཀྱི་སྲོག་ཤིང་དུ་བསྟེན་མཁན་ལྷག་ཏུ་མང་ཞིང་། ཆེན་མོ་ཆུའང་སེམས་བདེ་བག་ཕེབས་དང་རང་གི་ཁ་ཕྱོགས་ལྟར་ལྷུང་ལྷུང་གིས་བཞུར། དེའི་དུས་དགོན་གནས་བཙལ་བའི་ངག་རྒྱུན་ཡང་རྣ་བར་ཤིན་ཏུ་སྙན་པ་ཡོད་དེ། ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན་འཁོར་དང་བཅས་པ་སེང་ལྡེང་སྡེ་བ་ནས་ལམ་ལ་ཆས་ཏེ། དགོན་གནས་འཚོལ་བཞིན་གནས་རིའི་མདུན་ངོས་སུ་སླེབས་དུས། གར་ཡོང་མི་ཤེས་པའི་བུད་མེད་ཅིག་སླེབས་ནས་ཁོང་གི་མདུན་བསུ་དུས། ཁོང་གིས“ཁྱོད་ཀྱི་མིང་ལ་ཅི་ཟེར”ཞེས་བཀའ་འདྲི་གནང་བར། མོས“ངའི་མིང་ལ་དཀར་མོ་ཟེར། ཁྱེད་ཕེབས་རག་བར་དུ་མོས་གནས་འདི་བསྲུངས་ནས་བསྡད་པ་ཡིན”ཞེས་བརྗོད་དེ།ཞོ་གསོལ་ཕོར་གང་ཕུལ་པའི་རྟེན་འབྲེལ་འགྲིག་པ་དང་། དེ་ནས་རིམ་གྱིས་ཡར་ཕེབས་ནས་ད་ལྟའི་འདུ་ཁང་ཆེན་མོ་ཡོད་སའི་གནས་དེར། སྔོན་ཨ་ལྔ་རྔ་རོང་ཞེས་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པའི་གྲུབ་དབང་ཆེན་པོ་ཞིག་ཡོད་པ་དེས། རྡོའི་མཆོད་རྟེན་ཞིག་བཞེངས་ནས་ས་འདིར་ཆོས་གོས་རྣམ་གསུམ་གསོལ་བའི་དགེ་འདུན་པ་མང་བོས་གང་བའི་དུས་སྐབས་ཤིག་འོང་ལ། དེའི་ཚེ་ངའི་མཆོད་རྟེན་འདི་དགོན་པའི་མཐར་སྐྱེལ་ཡོང་ཞེས་ལུང་བསྟན་གནང་ཡོད་པའི་ས་དེར་བྱོན་པ་ན། རྗེ་ཉིད་ཀྱི་ཆིབས་རྟ་གློ་བུར་ཉལ་བས། ཁོང་གིས་དགོན་གནས་མ་ནོར་བ་འདི་ཡིན་གསུངས་ཤིང་ཆིབས་རྟ་ལས་བབས་ཏེ། གནས་བདག་དང་གཞི་བདག་ལ་ལྷ་བསང་རྒྱས་པར་བཏང་ཞེས་པའི་གཏམ་གྱི་མེ་ཏོག་ཀྱང་ཀུན་ལ་ཁྱབ་འདུག
བྲག་དཀར་སྤྲེལ་རྫོང་ལ་ཕྱོགས་བཞིའི་གནས་སྒོ་སྲུང་མཁན་གྱི་གཏེར་བདག་ཆེན་མོའང་བཞི་ཡོད་དེ། ཤར་ཕྱོགས་སུ་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོ་དང་། ལྷོ་ཕྱོགས་སུ་ཆུ་རགས་གཡག་སྙིང་། ནུབ་ཕྱོགས་སུ་མཛོད་བདག་ལྷ་རི་དྲེའུ་དཀར།བྱང་ཕྱོགས་སུ་ཧང་ངའི་ཨ་མྱེས་རི་རྒན་བཅས་ཡོད་པ་ལས། ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོ་ནི་གནས་རིའི་གནས་བདག་ཡིན་ཞིང་། དེ་ཡང་གནས་ཡིག་ལས“དེ་ཉིད་འདུལ་བའི་གཉེན་པོ་རུ། །སློབ་དཔོན་སྤྲེལ་རྫོང་བྲག་དཀར་གྱི། །ཡང་རྫོང་བྲག་གི་ཕུག་ཏུ་བཞུགས། །རྡོ་རྗེ་བློ་དཀར་ཕོ་བྲང་ནས། །སྒྲུབ་པ་མཛད་ནས་བཞུགས་པའི་ཚེ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་སྤྲེལ་གྱི་མགོ་ཅན་བྱུང་། །གནས་འདིའི་སྲུང་མ་ང་ཡིན་ཟེར། །དམ་ལ་བཏགས་ནས་བསྟན་སྲུང་བཅོལ། །དབང་བསྐུར་དམ་བཏགས་མཚན་གསོལ་བ། །གཉན་སྤྲེལ་ཟླ་བ་ཆེན་པོའོ”ཞེས་བཀོད་པ་ལྟར། སྔོན་ཆད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་འདྲེ་སྲིན་བདུན་པོ་གདུལ་བའི་ཆེད་དུ། རྡོ་རྗེ་བློ་དཀར་རམ་རྡོ་རྗེ་ཕུག་ལམ་དུ་སྒྲུབ་པ་མཛད་ནས་བཞུགས་སྐབས། དབང་བསྐུར་ཞིང་དམ་ལ་བཏགས་ནས་བསྟན་སྲུང་དུ་བཅོལ་བ་དང་། མཚན་ལ་གཉན་སྤྲེལ་ཟླ་བ་བཟང་བོ་ཞེས་བཏགས་སོ། །ཆུ་རགས་གཡག་སྙིང་ནི་ཆུ་ཁོལ་ཡུལ་ཚོ་བོང་སྟག་གོང་མའི་ས་ཡི་བཅུད་དུ་གྲུབ་པའི་སྙིང་དགུའི་ནང་ཚན་ཡིན་པར་གྲགས་པ་དང་། ཡུལ་དེའི་འབྲོག་མི་རྣམས་ཀྱི་མཆོད་འབུལ་བྱེད་སའི་རི་གྲགས་ཅན་ཞིག་ཀྱང་ཡིན། མཛོད་བདག་ལྷ་རི་དྲེའུ་དཀར་ནི་བྲག་དཀར་ས་ཆའི་ནོར་རིན་ཆེན་མཛོད་ཀྱི་བདག་པོ་ཡིན་པ་དང་། སྤྱིར་བྲག་དཀར་རྫོང་གི་ཡུལ་གྲུ་ཀུན་སྟོབས་འབྱོར་མངའ་ཐང་དར་ཞིང་། མི་རྣམས་ཞི་དུལ་བློ་ཁོག་ཆེ་བ་ཞིག་ཡིན་པའང་ཡུལ་མི་ཀུན་གྱིས་གནས་འགངས་ཆེན་འདི་ལ་མཆོད་ཅིང་བཀུར་བའི་རྐྱེན་མ་ཡིན་ནམ། ཧང་ངའི་ཨ་མྱེས་རི་རྒན་ནི་རྨ་རྒྱལ་སྦོམ་རའི་སྲས་ཡིན་པ་དང་།རྩི་གོར་ཐང་གྲོང་རྡལ་གྱི་ནུབ་བྱང་མཚམས་སུ་དབུ་རྩེ་དགུང་སྔོན་དབྱིངས་སུ་ཟུག་པ་ལྟར་གནས་ཤིང་། ཆ་ལུགས་ནི་ལྷ་གཡག་སེར་པོ་ལ་བཅིབས་པ། སྔགས་འཆང་གི་ཚུལ་འཛིན་མཁན་ཞིག་ཡིན་པ་དམངས་ཁྲོད་རྒད་པོ་དག་གི་ངག་ལ་ཡོངས་སུ་གྲགས།
གནས་རིའི་ངོས་ན་གཤར་བའི་གནའ་ཁྱུ་དང་ལྷན་དུ་ལྷ་སྒྲུང་ལས་མཚར་བའི་ངག་རྒྱུན་རེ་རེར་གསན་པ་ཙམ་གྱིས་རྣ་བའི་བཅུད་ཕྲོགས་ཤིང་ངག་གི་སྐོམ་པ་སེལ། རི་རྐེད་དང་བྲག་ངོས་སུ་བྱིན་རླབས་ཀྱི་བདུད་རྩི་གྲུ་ཆར་ལྟར་བསྙིལ་བས། སྣོད་བཅུད་མཉམ་གནས་ཀྱི་འོད་སྣང་བསྐལ་བརྒྱར་བསྲིང་ཆོག་ཨང་སྙམ།
སྤྲེལ་ཐང་བརྒལ་ནས་བྲག་དཀར་སྤྲེལ་རྫོང་དུ་འབྱོར་དུས། གནས་མཆོག་འདིའི་མཛེས་པ་མ་ལུས་སྤྱན་ལམ་ནས་མེ་ཏོག་ལྟར་བཞད་ཅིང་སྙན་ལམ་དུ་བཙུན་མོ་ཆུ་བཞིན་བཞུར་ཡོང་། བོད་སྤྱིའི་ཆ་ནས་བརྗོད་ན། གནས་མཆོག་འདི་ནི་ཙ་རི་གཉིས་པར་གྲགས་ཤིང་མདོ་སྨད་རྫོང་ཆེན་བཞིའི་གྲས་ཀྱང་ཡིན། ཉེ་སར་བཅར་ནས་ཞིབ་ཏུ་གཟིགས་དུས། གནས་རིའི་དབྱིབས་ནི་གླང་ཆེན་དཀར་པོ་ཆུ་འཐུང་གི་ཚུལ་གྱིས་བཞུགས་ཤིང་། མ་སེམས་ཅན་གྱི་སྡུག་བསྔལ་རྒྱབ་ཏུ་ཐེག་པའི་སྟོབས་ཤུགས་མཆིས།གནས་འདི་འཛམ་གླིང་གི་ཆེས་མཐོ་ས་རུ་ཆགས་ཡོད་པས། ཆུ་བོ་ལྷུང་ལྷུང་གིས་འབབ་ཅིང་རྩྭ་ལྗང་ལྡེམ་ལྡེམ་དུ་གཡོ། དེ་བས་སྤྲེལ་རྫོང་གི་གནས་རིའི་བཀོད་པ་ངོ་མཚར་ཤིན་ཏུ་ཆེ་སྟེ།“རྒྱབ་རི་མཐོ་བས་མི་མཐུན་ཟིལ་གྱིས་གནོན། །གསང་བརྗིད་གཡོ་མེད་ལྟ་སྒོམ་སྤྱོད་པ་དག།།མདུན་རི་སྒྲོལ་མས་ལས་བཞི་ལྷུན་གྱིས་གྲུབ། །མཎྜལ་དང་མཚུངས་མཁོ་དགུའི་ལོངས་སྤྱོད་འཕེལ།།གཡས་རི་སྨན་གྱི་གཙོ་བོས་ནད་ཀུན་སེལ།།ནང་དུ་བཏུད་པས་སྦྱིན་པའི་བདག་པོ་སྡུད། །གཡོན་རི་རྒྱས་པས་མདོ་རྒྱུད་འཆད་ཉན་དགེ །མཐའ་བརྟན་རྩེ་ཟོར་བསླབ་གསུམ་རྣམ་གཞག་མང”ཞེས་རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་མཆོག་གིས་ངག་གི་མཆོད་པས་བསྟོད་འདུག་པས་ཀྱང་ཡོངས་སུ་མཚོན་ཐུབ་པ་དང་། གནས་མཆོག་འདིར་སྔ་རྗེས་སུ་འབྲི་གུང་བ་འཇིག་རྟེན་གསུམ་མགོན་དང་། མ་ཅིག་ལབ་སྒྲོན། ས་པཎ་ཀུན་དགའ་རྒྱལ་མཚན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། ཤར་སྐལ་ལྡན་རྒྱ་མཚོ། ཞབས་དཀར་ཚོགས་དྲུག་རང་གྲོལ། རྗེ་བཙུན་ཤེས་རབ་རྒྱ་མཚོ། བསེ་ཚང་བློ་བཟང་དཔལ་ལྡན་སོགས་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་ཡོད། དེ་བས་མདོ་སྨད་ས་ཡི་ཐིག་ལེ་རིག་པ་འབྱུང་བའི་གྲོང་ཁྱེར་རེབ་གོང་དང་། མཚོ་སྔོན་པོ་གཡས་རུ་གཡོན་རུ་སོགས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མཇལ་པ་མང་བོས་ས་ཐག་ཇི་ལྟར་རིང་ཡང་། རི་ལུང་གི་དཀའ་སྡུག་བལྟབས་ཤིང་། གྲུབ་མཐའ་ཡི་ཕྱོགས་རིས་དོར་ནས། གནས་འདིར་འཛོམས་ནས་སྒྲུབ་གནས་དང་གནས་སྒོ་རེ་རེར་གུས་སེམས་དང་དག་སྣང་གིས་མཆོད་ཅིང་མཇལ་གྱིན་གདའ།
དགོན་པ་འདི་སྔོན་ཆད་དར་ཞིང་རྒྱས་པའི་སྐབས་སུ་དགེ་འདུན་པའི་ཞལ་གྲངས་ལྔ་བརྒྱ་ལྷག་ཡོད་མྱོང་། སྤྱི་ལོ1929ལོ་ནས་བཟུང་། གཞུང་ཆེན་བཀའ་པོད་ལྔའི་དཔེ་ཁྲིད་ཀྱི་མགོ་བརྩམས་པ་དང་། ཆོས་བརྒྱུད་ཀྱི་རྟེན་འབྲེལ་ཁྱད་པར་ཅན་ལ་དམིགས་ནས། པོ་ཏི་ལྔའི་འཆད་ཉན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཡིག་ཆ་ལྟར་བྱས་ཤིང་།འདིའི་དབུ་འཛུགས་མཁན་གྱི་དགེ་རྒན་ནི་ཨ་རོལ་ཁོང་གི་སྐུ་དབོན་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་ཆེན་མོ་དགེ་ལེགས་རྒྱ་མཚོ་ཚང་ཡིན། དེ་ནས་སྔ་རྗེས་སུ་རིམ་བཞིན་ལྷ་སྡེ་བ་ཡེ་ཤེས་རྒྱ་མཚོ་དང་། རོང་བོ་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བསྟན་འཛིན་རྒྱལ་མཚན། ཨ་ལགས་ཡོན་ཏན་རྒྱ་མཚོ། ཨ་ཁུ་བློ་བཟང་རྒྱ་མཚོ། བླ་བྲང་དགོན་པའི་གནས་ལྔ་གཟིགས་པའི་ཀུན་མཁྱེན་བསང་ཁོག་ཐབས་མཁས་ཚང་། འབྲས་སྤུངས་སྒོ་མང་པ་ཐུབ་བསྟན་གསལ་བའི་སྒྲོན་མེ། རྗེ་འཇམ་དབྱངས་རྒྱ་མཚོ་སོགས་གདན་དྲངས་ནས་ཆོས་ཁྲིད་ཀྱི་བྱ་བ་རྒྱ་ཆེར་སྤེལ་ཅིང་རྩོད་པ་ཤིན་ཏུ་དམར་བ་མཛད་པས། འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བར་བརྗོད་པ་དང་། ཨ་རོལ་ཚང་སྐུ་དངོས་ཀྱིས《ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་བཅའ་ཁྲིམས་གསེར་གྱི་ཕྲེང་མཛེས》ཞེས་བྱ་བའི་བཅའ་ཡིག་ཆེན་མོའང་གསར་དུ་ལྗགས་རྩོམ་མཛད།
“རིག་གནས་གསར་བརྗེ་ཆེན་མོ”ཡི་སྐབས་སུ། དགོན་ཆེན་འདིའང་བོད་ཀྱི་དགོན་པ་མང་ཆེ་བ་དང་འདྲ་བར་གེགས་རྐྱེན་ལས་ཐར་མ་ཐུབ་པར་རྩ་གཏོར་བྱས་པ་དང་། ཁོང་བླ་མ་རྡོ་རྗེ་འཆང་ཡང་ཀྲུང་གོའི་ཤེས་ལྡན་པ་གང་མང་དང་འདྲ་བར་མ་ཉེས་ཁ་གཡོགས་ཐེབས་ཏེ། མཐར་ཕྱག་སྦལ་དུ་སྐུ་གཤེགས། དེ་ནས་སྤྱི་ལོ1981ལོའི་ཟླ5པའི་ཚེས4ཉིན། དགོན་པའི་ཆོས་སྒོ་འབྱེད་པའི་སྟ་གོན་བྱས་པ་དང་། ཟླ9པའི་ཚེས18ཉིན་ཁོང་ལ་དཀར་འདོན་དང་མྱ་ངན་གྱི་ཞུ་ཚིག་ཕུལ་ཞིང་རྗེས་དྲན་ཞུས། སྤྱི་ལོ1982ལོར་འདུ་ཁང་གྱན་ལྔ་ཅན་ཞིག་བཞེངས་ཏེ་དགོན་པའི་རྟེན་བཞེངས་ཀྱི་མགོ་ཡོངས་སུ་བརྩམས།
སྤྱིར་བཏང་དུ་གནས་སྒོ་ནས་དབུ་བརྩམས་ཏེ་གནས་སྐོར་དུ་འགྲོ་དགོས། གནས་སྒོའི་སྟེང་དུ་ཇོ་བོ་བཅུ་གཅིག་ཞལ་དང་། སློབ་དཔོན་པདྨ་འབྱུང་གནས། བདུད་རྩི་འཁྱིལ་བ། ཁྲོ་བོ་མི་གཡོ་བ་སོགས་བཞུགས་ཤིང་། ཟུར་ངོས་སུ་ཚེ་དཔག་མེད་དང་རྡོ་རྗེ་ཕག་མོ། སྤྱན་རས་གཟིགས། གཟའ་མཆོག་རཱ་ཧུ་ལ་སོགས་མངོན་སུམ་ལྟར་བཞུགས། སྒོ་ངོས་སུ་བོད་ཀྱི་ལོ་ཙཱ་བ་ཆེན་མོ་སྒྲ་སྒྱུར་མར་བ་དང་། ཕ་དམ་པ་སངས་རྒྱས་སོགས་བཞུགས། དད་ལྡན་གྱི་མཇལ་པ་ཚོས་འདི་དག་རེ་རེ་བཞིན་མང་བོ་ཤེས་མི་སྲིད་ཀྱང་། ཁོ་ཚོའི་རྒྱུད་ཀྱི་འགྱུར་བ་མེད་པའི་དད་པའི་ལྗོན་དབང་ལ་འཇིག་རྟེན་མི་ཡུལ་གྱི་སྐྱེ་བོ་སུ་ཞིག་གིས་ཀྱང་འགྲན་ག་ལ་ཚུགས་ཏེ་ནམ་ཡང་ཚུགས་པ་མ་ཡིན་ནོ། ། མུ་མཐུད་ནས་གྱེན་དུ་སོང་བ་ན། གཡོན་ཟུར་གྱི་བྲག་རྩའི་ཐེམ་ཐོག་ན་ཕུག་སྒོ་ལྷོ་ལྟ་ཞིག་ཡོད་པ་དེ་ནི་དག་པ་ཤེལ་གྱི་ཕོ་བྲང་ཡིན་པར་བརྗོད། ལ་སྒྲོན་སྦར་ནས་ནང་དུ་སོང་ཚེ་ཤེལ་གྱི་ཀ་བ་བརྒྱད་སོགས་རང་བྱོན་མང་བོ་འདུག ཤེལ་གྱི་ཀ་བ་བརྒྱད་ལ་ལག་པས་རེག་ན་སྐུ་ཚེ་རིང་ལ་དུས་མིན་གྱི་གནོད་པ་བཟློག་ཐུབ་ཟེར་བས། ངས་ཀྱང་ཡང་ཡང་རེག་ནས་ཚེ་ཡི་སྲུང་ཐག་བསླངས། དེ་ནས་རྡོ་རྗེ་ཕུག་པའི་གནས་དང་།ཨོ་རྒྱན་གྱི་ཞབས་རྗེས། ཇ་མ་བྲག་ལ་འབྱར་བའི་རང་བྱོན་སོགས་དང་མཇལ་ཞིང་བཀླགས་ནས་གནས་སྐོར་གྱི་རྒྱུན་མུ་ནས་མུ་རུ་བསྲིངས།
དེ་ནས་སྲིབ་ཕྱོགས་ཀྱི་ཕུག་སྒོ་ཆེན་པོའི་བྱང་ཕྱོགས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྷུང་བཟེད་ལ་རྒྱ་ཡིག་རང་བྱོན་གསལ་བར་མཆིས་པ་དང་།བཤད་རྒྱུན་དུ་བསྐལ་པ་ཡར་དར་ལ་ལྷུང་བཟེད་ཀྱི་ཁ་ཡར་འཁོར་བ་དང་། བར་དར་ལ་ཟུར་དུ་འཁོར་བ། བསྐལ་པ་སྙིགས་མའི་དུས་སུ་ཁ་སྦུབས་ནས་ཡོད་པས། དེ་ལ་བརྟགས་ན་བསྐལ་པའི་རྟགས་སོགས་གསལ་བོར་ཤེས་པར་བརྗོད།
ངས་དྲིན་ལན་འཇལ་བའི་གནས་ནས་མ་དྲིན་མོ་ཆེའི་ཞལ་རས་དང་བཀའ་དྲིན་དྲན་ཡོད། གཤིན་རྗེ་རྒྱ་མར་འཇལ་ནས་རང་གི་ཉེས་པ་དག་ཡོད། ངས་འདོད་འཇོ་བ་ཡི་བྲག་ཕུག་བཙལ། ཨོ་རྒྱན་གྱི་ཕྱག་ཕྲེང་བགྲངས། ཆོས་ཀྱི་སྒྲ་ལ་གསན།ད་དུང་སློབ་དཔོན་གྱི་ལྷུང་བཟེད། གཤིན་རྗེའི་ཕོ་དོང་མོ་དོང་། གཡུ་འབྲུག་ཚང་ཉལ་སོགས་གནས་བྱིན་རླབས་ཅན་རེ་རེ་ནི་བགྲང་ལས་འདས་ཤིང་བློ་ལས་འགོངས།
ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་ཞབས་སེན་ཟླ་བའི་རེ་ཁཱ་ལྷ་གནས་བྲག་དཀར་སྤྲེལ་རྫོང་དུ་བཀོད་ཅིང་། མགུར་གྱི་མེ་ཏོག་རེ་རེ་གནས་སྒོ་རེ་རེར་བཙུགས་པའི་བྱིན་རླབས་ཀྱི་དྲི་ཞིམ་སྟུག་པོར་བསྣམས་དུས། ངའི་སེམས་པ་ལྷོད་ལ་བབས་ནས་ཡུན་རིང་བསྡད། ད་སྐབས་གནས་བདག་གཉན་སྤྲེལ་ཟླ་བ་བཟང་བོས་སེམས་པ་བདེ་ལ་བབས་ཏེ། མི་ཚེ་ལྟ་བུའི་སྐོར་ལམ་སྙེག་གིན་པའི་མཇལ་པ་དག་གི་ལམ་སྣ་ཁྲིད་དེ། བཀྲ་ཤིས་ལའི་ཕྱོགས་སུ་ཞབས་འབྱོན་བཞེས་པ་ལྟ་བུའི་ཚོར་སྣང་ནི་ཧ་ཅང་སྐྱིད།
ང་བཀྲ་ཤིས་ལར་འབྱོར་དུས། ལོ་ཟླ་མང་བོ་ཞིག་གི་སྔོན་དུ་འཇམ་མགོན་ཆོས་རྗེ་ཙོང་ཁ་པ་ཧང་ཆུ་བརྒལ་ནས་བཀྲ་ཤིས་ལ་བརྒྱུད་པའི་སྣང་བརྙན་རྟོག་བཟོ་བྱས་ཤིང་། ཁོང་གིས་གནས་རི་འདིའི་གཟི་འོད་སྤྱན་གྱིས་གཟིགས་པས། འཇམ་དཔལ་མཚན་བརྗོད་གསུང་བཞིན་ཉག་གར་སླེབས་པ་ན།“བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ”ཞེས་པའི་ཚིགས་མཚམས་དེར་ཁེལ་བས་བཀྲ་ཤིས་ལ་ཞེས་མཚན་གསོལ་བར་གྲགས། སྣང་བ་ཞིག་ལ་བསྟོད་པའི་ཆོས་སྒྲ་སྙན་ལམ་དུ་ལྷང་ལྷང་འབྱོར་བ་ལྟ་བུའི་ཚོར་བ་སྐྱེས་ཐུབ། ཁོང་སློབ་དཔོན་གྱི་བཞུགས་ཁྲིའི་སྟེང་དུ་བཞུགས་པ་དང་། དེའི་དུས་ཀྱི་རྟེན་འབྲེལ་གྱི་དབང་གིས་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་མདོ་དབུས་ཀུན་ལ་ཁྱབ་ཅིང་། སློབ་མའི་ལྗོན་བཟང་གིས་གངས་ལྗོངས་འཛིན་མའི་ཁྱོན་ཀུན་ཁེབས། སེམས་སུ་དེའི་དུས་གནས་རིའི་ཕྱོགས་བཞི་མཚམས་བརྒྱད་ནི་དེ་རིང་ལས་སྔོ་ལྗང་ལྗང་དུ་སྣང་ཞིང་། ཆེན་པོ་ཆུ་ལའང་རབ་ཁ་ཡངས་ས་ཞིག་མ་བཙལ་ཚེ་བརྒལ་དཀའ་བའི་ཚོད་ཡིན་འདུག་སྙམ་བྱུང་།
འཇིག་རྟེན་ཕལ་བའི་སྣང་ངོར་མཐོ་རིས་ལ་ནི་བསྡུས་གཟུགས་ཤིག་ཡིན་ཡང་། འགྲོ་བ་རིགས་དྲུག་སུ་དང་གང་ལ་མཚོན་ནའང་གནས་འདི་བརྒྱུད་མི་དགོས་པ་གཅིག་ཀྱང་མེད། རྗེ་ཤེས་རབ་རྒྱ་མཚོས“རིས་མེད་མཁས་དང་གྲུབ་པའི་དག་སྣང་ལ། །འདི་ནས་དད་པའི་སྐྱེ་བོ་ཡང་དང་ཡང་། །ལྷ་ཡི་ཡུལ་དུ་འགྲོ་བ་གཟིགས་པ་ཡི། །མཐོ་རིས་ལ་ཞེས་གྲགས་པ་དོན་ལྡན་ཡོད”ཅེས་གསུངས་པ་དང་། མཐོ་རིས་ལ་དེར་བསྡོམས་པས་ཐེམ་སྐས་ཞེ་དགུ་ཡོད་པ་རེ་རེ་བཞིན་བགྲོད་པ་ནི། འཇིག་རྟེན་འཁོར་བར་རྒྱབ་ཀྱིས་ཕྱོགས་ཚུལ་མཚོན་པ་ཡིན་ཞེས་ཀྱང་གསུངས།
ང་མཐོ་རིས་ལ་འཛེགས་ནས་ཡར་འགྲོ་དུས། བགྲེས་པོ་ཞིག་གིས་གམ་ནས“ངོ་མ་གནས་ཁྱད་པར་ཅན་རེད་ཡ”ཞེས་ཆིག་ལབ་རྒྱག་ཞོར་དང་མ་ཎི་འདོན་ཞོར་དུ་ང་བསྐྱུར་ནས་བྲེལ་སྟབས་ཀྱིས་བུད་སོང་།
ངོ་མ་འདི་ནི་མིང་དོན་མཚུངས་པའི་ལྷ་གནས་ཤིག་ཡིན་ཏེ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས“དབུ་རྫོགས་ཕྱག་ཆེན་གཅོད་བརྒྱུད་བླ་མ་རྣམས། །དབུ་མའི་ཡར་སྣེ་སྤྱི་བོའི་རྒྱན་དུ་བཞུགས། །ཕུན་ཚོགས་ཚོགས་གཉིས་མཐར་ཕྱིན་སངས་རྒྱས་ཀྱི། །གསུང་རབ་རབ་འབྱམས་གདམས་པར་འཆར་དུ་གསོལ། །བྲག་དཀར་ཤེལ་དཀར་སྤུངས་འདྲའི་སྤྲེལ་རྫོང་ནས།།སེམས་དཀར་རྣམ་དཀར་དགེ་སྒྲུབ་རྣལ་འབྱོར་ངར།།ངེས་ངེས་ཁྲིགས་ཁྲིགས་ཉམས་མྱོང་མ་མཆིས་ཀྱང་། །ལེགས་ལེགས་འགྲིག་འགྲིག་ཉམས་མགུར་ལྷང་ལྷང་ལེན”ཞེས་སེམས་སྐྱིད་པའི་མགུར་མ་དགྱེས་སྣང་གིས་བཞེངས་འདུག་ཅིང་། རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས“འཕགས་ཡུལ་པཎྜི་ཏ་ལ་རྒོལ་ནུས་པའི། །སྨྲ་བའི་སེངྒེ་ཤེས་རབ་རལ་གྲིའི་སོ།།ས་པཎ་ཆེན་པོ་ཀུན་དགའ་རྒྱལ་མཚན་ཡང་།།འདི་རུ་བྱོན་ནས་བྱིན་གྱིས་བརླབས་པར་གྲགས”ཞེས་བསྟོད་པའི་མེ་ཏོག་ཡང་ཡང་མཆོད་ཡོད་དོ། །
ངས་སྐོར་ལམ་ནས་གཉན་སྤྲེལ་ཟླ་བ་བཟང་བོའི་གསེར་ཞལ་མཇལ་དུས། བཙུན་མོ་ལུང་བའི་བཙུན་མོ་དམར་ཡག་མ་དྲན་བྱུང་ལ། བཙུན་མོ་ཆུས་གྱེར་མི་ཚར་བའི་ལྷ་སྒྲུང་ལྟ་བུའི་མངར་སྐྱུར་གྱི་གཏམ་རྒྱུད་ཅིག་འཇིག་རྟེན་མི་ཡུལ་ནས་གཏན་དུ་ལུས་པ་དེའང་། ཀུན་གྱི་རྣ་བར་སྙན་ཞིང་ཞེ་ལ་འབབ་པ་ཞིག་རེད་ཨང་སྙམ་བྱུང་།
དད་ལྡན་མཇལ་པའི་སྣང་ངོར། བྲག་དཀར་སྤྲེལ་རྫོང་དང་སྤྲེལ་རྫོང་དགོན་པ་ཟུང་ནི་ཆེན་མོ་ཆུ་དང་མེ་ཏོག་ཆུ་ལྟར་ངོ་བོ་དེ་ཉིད་དུ་གནས་ཤིང་། དད་ལྡན་མཇལ་པའི་ཕྱག་གཅིག་དང་མ་ཎི་རྡོག་གཅིག་ཀྱང་མཉམ་བཞེས་མཉམ་ལེན་དང་མ་གྱུར་སེམས་ཅན་དམྱལ་བར་མི་འབྱིང་བར་མཉམ་འབད་མཉམ་བརྩོན་གྱི་རྣམ་ཐར་སྐྱོང་བཞིན་གདའ།
ནམ་རྒྱུན་གསེར་མདོག་གི་ཉི་འོད་བཀྲ་ཤིས་ལ་ནས་འཕྲོས་ཤིང་མུན་ནག་གི་གྲིབ་མ་ཆོས་རྒྱལ་རི་ཡིས་གོན་དུས། ཨ་རིག་རྒད་པོས་སེམས་ལྷོད་ལྷོད་དང་ངག་དལ་དལ་གྱིས་ཉིན་གཅིག་གི་ཕྱག་གྲངས་སྤང་ངོས་སུ་མེ་ཏོག་ལྟར་བཏབ་པའི་གཏམ་རྒྱུད་ཀྱང་ཅི་འདྲའི་མཚར། བགྲེས་པོ་འདི་ང་ཚོས་ནམ་ཡང་བརྗེད་མི་སྲིད་ཅིང་། ཁོའི་སྙིང་སྟོབས་ཀྱི་གོ་ཆ་དང་དད་སེམས་ཀྱི་ཀ་བ་ང་ཚོར་ཅི་འདྲའི་མཁོ། ཆོས་ཉིད་འཁར་བ་ལྟར་སྙེ་མཁན་གྱི་ངོ་གདོང་དང་རྒྱབ་གཟུགས་ཀྱང་མང་དུ་མཐོང་གིན་འདུག བྲག་དཀར་སྤྲེལ་རྫོང་དུ་ཨ་རིག་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་སྔོན་ཆད་ནས་མང་བོ་ཡོད་དེ། གནས་རིའི་རྒྱབ་ངོས་སུ་ཨ་རིག་རྒད་པོས་ཕྱག་འཚལ་བའི་རྗེས་ཤུལ་མངོན་པར་གསལ་བ་དང་། དམིགས་བརྩེ་མའི་སྒང་ནས་ཨ་རིག་གླེན་པ་ཞིག་གིས་ཕྱག་འཚལ་ནས་གསོལ་བ་བཏབ་པའི་མཐུ་ལས་ཁོས་ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་གསུང་འབྱོན་པ་དངོས་སུ་ཐོས་པའི་ངག་རྒྱུན་ཡོད་ཅིང་། ཨ་རོལ་ཚང་གིས་དགོན་པ་དངོས་སུ་བཏབ་ནས་མཚན་སྙན་གྲགས་གང་སར་མཆེད་པའི་དུས། ཨ་རིག་བཙན་དགུ་ཞེས་པའི་དཔོན་པོ་ཞིག་ཡོད་པ་དེ་བླ་མ་དང་དགེ་འདུན་པ་སུ་ལའང་མི་དད་ཅིང་། མི་གསོད་ཇག་རྐུན་གྱི་སྡིག་ལས་ཚབས་ཆེན་ལ་འཛེམ་བག་སྤུ་ཙམ་ཡང་མེད་ཀྱང་། ཨ་རོལ་ཚང་ལ་མཇལ་རྗེས་ཡིད་སེམས་འགྱུར་ཏེ་སེམས་གཏིང་ནས་མི་ཕྱེད་པའི་དད་པ་བརྟན་པོ་སྐྱེས་པས། ཁོང་གི་སྐུ་རྗེས་སུ་འབྲངས་ནས་སྤྲེལ་རྫོང་དུ་ཡོང་སྟེ། ལོ་ངོ་དུ་མར་ཉིན་མཚན་བར་མེད་དུ་ཕྱག་དང་སྐོར་བ། ཁ་ཏོན་སོགས་དགེ་སྦྱོར་གྱི་ལས་ཁོ་ནར་འབད་པ་དང་། རྗེས་སུ་ཨ་རིག་བཙན་དགུ་འདས་རྗེས་ཁོང་ཚང་སྐུ་དངོས་སུ་ཕེབས་ནས་ངན་སོང་དགུག་བྲལ་གྱི་ཆོ་ག་དང་འབྲེལ་ནས། འཕོ་བ་དང་བསྔོ་སྨོན་སྨིན་རྒྱས་གནང་བར་བརྗོད། སྐབས་དེར་དགོན་པའི་སྦྱིན་བདག་གི་ཁྲོད་དུ་ཨ་རིག་སྟོང་དཔོན་སོགས་ཨ་རིག་པ་ཅུང་མང་ལ། དེ་དག་དགོན་པར་བཀའ་དྲིན་ཆེ་ཞིང་ཨ་རིག་པའི་དད་པ་ཞེས་ཀུན་ལ་གྲགས་སོ། །
བྲག་དཀར་སྤྲེལ་རྫོང་གི་ཐུན་མོང་མ་ཡིན་པའི་གནས་ཀྱི་བྱིན་རླབས་ཁྱད་པར་ཅན་དང་། ལྷག་པར་གནས་མཆོག་འདི་འཇིག་རྟེན་ཆོས་བརྒྱད་ཀྱི་འདུ་ཚོགས་ལས་རྒྱང་རིང་དུ་བྱོལ་བའི་བརྟུལ་ཞུགས་ལ་ཉེ་བར་གནས་པའི་དགེ་སློང་གང་མང་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས། དད་ལྡན་གྱི་སྐྱེ་བོའི་ཚོགས་ཀྱིས་ཀྱང་གནའ་ནས་ད་བར་དུ་མ་བཏང་མ་ལྷོད་པར་མཆོད་ཅིང་བཀུར་བར་བྱེད།
གནས་རིའི་ངོས་ནས་གོམ་པ་ལྷོད་ལེན་བྱེད་དུས། སྣང་བ་ཞིག་ལ་བྱིན་རླབས་ཅན་གྱི་ཕྱག་ཟུང་སྟོབས་པོ་ཆེ་ཞིག་གིས་འབྲོག་དགོན་ཆེན་པོ་འདིའི་མི་གཙང་བ་ཀུན་གཙང་སེལ་བྱས་ཏེ། རྒྱང་ནས་རྒྱང་ལ་སྤྱུག་གིན་འདུག གལ་སྲིད་སྔོན་བྱོན་དམ་པ་གང་ཞིག་ད་ལྟ་སླར་བྱོན་ནའང་ལྷ་གནས་ཀྱི་གཟི་དཔལ་སྔར་བཞིན་ཡལ་མེད་དེ། རྒྱབ་རིའི་ངོས་སུ་གནའ་ཁྱུ་ཞི་དུལ་གྱིས་རྒྱུ་ཞིང་། ཕྱི་སྐོར་ཕྱག་གིས་མཆོད་མཁན་ཡོད་ལ་ནང་སྐོར་དད་པས་མཇལ་མཁན་ཡང་མོད། ལྷ་བསང་གི་དུ་བ་ལྷོག་ལྷོག་ངང་འཕྱུར་ཞིང་འདུ་ཁང་གི་ཆོས་སྒྲ་ལྷང་ལྷང་དུ་མཆེད་ཀྱིན་ཡོད། ད་དུང་མོས་གུས་ཀྱིས་ཁེངས་པའི་བགྲེས་པོ་དད་པ་ཅན་ཞིག་གིས་ལ་ཁའི་གྲིབ་མར་འགྲན་བཞིན་ཕྱི་སྐོར་ལ་བྲེལ་འདུག ངོ་མ་ཆོས་སྒྲ་དང་དད་པ་ལ་ལུང་དང་རི་རྐེད་ཀུན་ལ་ཁྱབ་འདུག་ཨང་།
ས་སྲོས་སྐབས། ང་དགོན་པའི་ནང་སྐོར་ལ་སོང་ཞིང་དེ་ནས་སྒྲོལ་མ་རིའི་མཐོ་ས་རུ་འགྲེང་དུས། བསིལ་རླུང་ཡང་མོ་ཞིག་དལ་གྱིས་རྒྱུ་ཡོང་བ་དེས་ངའི་དྲན་པ་ཇེ་གསལ་དང་སེམས་ཁམས་ཇེ་སྐྱིད་དུ་བཏང་བྱུང་། ཉིན་གང་བོར་ཟང་ཟིང་གིས་གཙེས་པའི་ལྷ་གནས་བྲག་དཀར་སྤྲེལ་རྫོང་ལྷིང་ཞིང་འཇགས་ལ། ཁོང་གིས་ངལ་དུབ་བམ་སུན་སྣང་གི་སེང་རས་ཡུན་གྱིས་འདོར་མགོ་བརྩམས་པས། སྐབས་འདིར་དགོན་པའི་གནས་རི་དང་གྲྭ་ཤག་རེ་རེའི་མཛེས་ལྗོངས་ལ་རོལ་མྱོང་ཚད་མེད་བྱེད་ཆོག་ལ། རང་ཉིད་ཀྱི་འདོད་སྲེད་ཡོད་ཚད་རེ་ཞིག་དོར་ཏེ། ལུས་སེམས་ལ་གཙང་སེལ་ཡང་དག་བྱེད་པའི་དུས་སྐབས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན། ངས་ང་དང་ཁ་གཏད་དུ་ལངས་པ་ལྟ་བུའི་རྒྱབ་རིར་ཞིབ་ཏུ་ཅེར་དུས། སྔོན་བྱོན་མཁས་པ་མང་བོས་ཤེལ་དཀར་སྤུངས་འདྲ་ཞེས་བསྔགས་པའང་དོན་ལ་གནས་པ་དང་། ཨ་རོལ་སྐུ་ཕྲེང་གསུམ་པས་གནས་འདི་དགོན་གནས་སུ་བདམས་པའང་ཐུགས་དགོངས་ཟབ་པའི་འབྲས་རྟགས་ཤིག་ཅི་ལ་མིན་སྙམ་སོང་།
ཤེལ་དཀར་སྤུངས་འདྲའི་གནས་རིའི་ངོས་ཀྱི་ཉི་འོད་མོག་པོར་གྱུར་དུས། མེ་ཏོག་དང་རྩྭ་ལྗང་གི་འཛུམ་མདངས་ཡུན་གྱིས་ཡལ་ཞིང་། གློ་བུར་ཆར་བའང་ཤག་ཤག་ཏུ་འཇོ་བས། གནས་རིའི་བྱིན་རླབས་དང་མེ་ཏོག་གི་དྲི་ཞིམ་ཆར་རླུང་གི་ཕོ་ཉས་བསྣམས་ནས་ཕྱོགས་བཞིར་འཕྱོས་ཏེ། ཕྱོགས་ཡོངས་ཀྱི་མཇལ་པའི་གདུང་བའང་རིམ་གྱིས་རིམ་གྱིས་སེལ་ལོ། །
མཚན་མོར། དྲི་ཞིམ་སྟུག་པོ་དེ། འགྲོ་བ་རིགས་དྲུག་གི་རྨི་ལམ་གྱི་ཞིང་སར་སྦྲང་ཆར་བསིལ་མ་ནང་བཞིན་ཕྱོགས་རིས་ཏིལ་ཙམ་ཡང་མེད་པར་ཁྱབ་བྱུང་།

རྩོམ་པ་པོ་ངོ་སྤྲོད།
པད་མ་རིག་འཛིན་ནམ་ཕ་བོང་། མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁྲ་རྡེའུ་སྡེ་བར་སྐྱེས། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་ནས་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། ལྷུག་རྩོམ་གྱི་སྐོར་ལ《བསླེ་མི་ཚར་བའི་མེ་ཏོག་གི་ཕྲེང་བ》སོགས་བརྒྱ་ཕྲག་ལྷག་དང་། དཔྱད་རྩོམ་ལ《རྩོམ་རིག་མིའི་རིགས་རིག་པའི་ལམ་ནས་གཏམ་རྒྱུད་གསེར་ཐང་གི་ཁྱད་ཆོས་ལ་དཔྱད་པ》སོགས་བཅུ་ཕྲག་གཅིག་དང་། བསྒྱུར་རྩོམ་ལ《སྤེན་གྲོང་ལོག》སོགས་ལྔ་བཅུ་ཙམ་ཡོད། ལྷུག་རྩོམ《རེ་འདུན་ཆུ་མིག་དགུ་སྒྲིལ》ལ《མི་རིགས་ཀྱི་རྩོམ་རིག》ལོ་འཁོར་བྱ་དགའ་ཐོབ། ལྷུག་རྩོམ་དེབ《དོག་མོ་ས》དང《ལྷ་གནས་བྲག་དཀར་སྤྲེལ་རྫོང》གཉིས་ཡོད། 《དོག་མོ་ས》ཆོས་སྐྱོང་གིས་རྒྱ་ཡིག་ཏུ་བསྒྱུར་ནས2020ལོར་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་པར་དུ་བསྐྲུན་ནས་འགྲེམས་སྤེལ་བྱས།
འབྲེལ་ཡོད་འོས་སྦྱོར།