༄༅།།མཐོ་སྒང་གི་མཚེའུ། ཡིད་འཕྲོག་གི་ལྷ་མོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2020-12-23
ཀློག་གྲངས།:
ཞིབ་གསལ་དྲུག་པ(高分六号卫星)ནི་འཁོར་ལམ་དམའ་མོ་ནས་རྒྱུ་བའི་འོད་རིག་རྒྱང་ཚོར་གྱི་སྲུང་སྐར་ཞིག་ཡིན་ལ། 2018ལོའི་ཟླ6པའི་ཚེས2ཉིན་གྱི་ཆུ་ཚོད12:13ཐོག ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་འཕེན་གཏོང་བྱས་པ་ཡིན། འདི་ནི་ཀྲུང་གོའི་ཞིང་ལས་གནད་ཕིགས་ལྟ་ཞིབ(精准农业观测)ཀྱི་སྲུང་སྐར་ཞིབ་གསལ་ཅན་ཐོག་མ་ཡིན་ཞིང་། སྲུང་སྐར་གྱི་བེད་སྤྱོད་ཡུན་ཚད་ལོ8ཡིན།
གཅིག གུ་གུ་ཤལ་མཚོ། (可可西里湖) ཡུལ་ཤུལ་བོད་རིགས་རང་སྐྱོང་འབྲི་སྟོད་རྫོང་སྨུག་པ་ལ་སྒང་ཞང་གི་ནུབ་རྒྱུད་ན་ཡོད་ཅིང་། འདི་ནི་གུ་གུ་ཤལ་རི་བོ་(可可西里山)ཡི་བྱང་ཕྱོགས་ན་ཡོད་པའི་མཚེའུ་ཆེན་པོ་ཞིག་ཡིན། ཉེ་འཁོར་ནི་བྱེ་ཐང་དང་ན་ཁུག རྩྭ་ཐང་བཅས་འདུས་པའི་གནས་ཡིན་ལ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ས་ཆར་གཏོགས།
ཞིབ་གསལ་དྲུག་པའི་སྲུང་སྐར།
ཞིབ་གསལ་དྲུག་པའི་སྲུང་སྐར་ལ“ཡེ་ཤེས་ཀྱི་སྤྱན”ཞེས་པའི་མིང་ཐོགས་ཡོད་ཅིང་། སྲུང་སྐར་འདི་ཡིས་ལེ་དབར་སྟོང་ཕྲག་མང་པོའི་ཕྱི་རོལ་ནས་ཨ་ཆེན་གངས་རྒྱབ་གཞོང་ས་དང་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲི་ཆུའི་མགོ་ཁུངས་སོགས་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་གྱི་མཚེའུ་ཚང་མའི་རྣམ་པ་གསལ་ལེར་མཐོང་ཐུབ་པར་མ་ཟད། དེ་ལས་ཐོན་པའི་པར་རིས་དག་གིས་ཀྱང་མཐོ་སྒང་གི་མཚེའུ་རྣམས་ཀྱི་དགུན་དུས་ཀྱི་མཛེས་ཉམས་ཁྱད་དུ་འཕགས་པ་རྣམས་བསྟན་ཡོད། གཤམ་ནས་མཐོ་སྒང་གི་མཚེའུ་འགའ་ཡི་དགུན་དུས་ཀྱི་མཛེས་ཉམས་དེ་ཁྱེད་ཅག་གི་མིག་ལམ་དུ་ཕུལ་ཡོད།གཅིག གུ་གུ་ཤལ་མཚོ། (可可西里湖) ཡུལ་ཤུལ་བོད་རིགས་རང་སྐྱོང་འབྲི་སྟོད་རྫོང་སྨུག་པ་ལ་སྒང་ཞང་གི་ནུབ་རྒྱུད་ན་ཡོད་ཅིང་། འདི་ནི་གུ་གུ་ཤལ་རི་བོ་(可可西里山)ཡི་བྱང་ཕྱོགས་ན་ཡོད་པའི་མཚེའུ་ཆེན་པོ་ཞིག་ཡིན། ཉེ་འཁོར་ནི་བྱེ་ཐང་དང་ན་ཁུག རྩྭ་ཐང་བཅས་འདུས་པའི་གནས་ཡིན་ལ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ས་ཆར་གཏོགས།
གཉིས། ཡིན་མ་མཚོ། (饮马湖) ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོང་རྫོང་གི་གཞོང་ས་དག་མོ་ཞིག་ན་ཡོད་ཅིང་། ཤར་རྒྱུད་ནི་ལན་ཆུ་གཙང་པོ་བརྒྱུད་ནས་གུ་གུ་ཤལ་མཚོ་དང་སྦྲེལ་ཡོད།
གསུམ། སྲན་མ་མཚོ། (豌豆湖) ན་གོར་མོ་གྲོང་ཁྱེར་གྱི་ཨུ་ལན་ཨུ་ལ་རི་བོའི་རྒྱུད་དུ་ཡོད་ཅིང་། ཉེ་འཁོར་ཐམས་ཅད་བྱེ་མ་དང་ས་བབ་ཁོད་སྙོམས་ཡིན།
བཞི། རྩོ་ནག་མཚོ། (海丁诺尔) ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཁུ་ནུ་རི་བོའི་བར་རྒྱུད་དུ་ཡོད།
ལྔ། མཚོ་དེའུ་རིང་མ། (错达日玛) ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཨ་ཆེན་གངས་རྒྱབ་ས་ཆ་ན་ཡོད་ཅིང་། མཚོ་ཡི་ཕྱོགས་གསུམ་རི་བོས་བསྐོར་བ་དང་ཤར་རྒྱུད་ནི་ཁོད་ཡངས་ཡིན།
དྲུག ཁུའུ་ཧྲུའེ་ཧོན། (库水浣) མདོ་དབུས་མཐོ་སྒང་གི་ལྟེ་བ་སྟེ་ཨ་ཆེན་གངས་རྒྱབ་ས་ཆའི་ནུབ་རྒྱུད་ན་ཡོད་ཅིང་། ལྷོ་ངོགས་རིང་ལ་བྱང་ངོགས་ཐུང་བ་དང་། ཆུ་ངོས་སྐས་དབྱིབས་ལྟར་ཆགས་ཡོད།
བདུན། ཨུ་ལན་ཨུ་ལ་མཚོ། (乌兰乌拉湖) ན་གོར་མོ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གདང་ལ་གྲོང་རྡལ་གྱི་བྱང་རྒྱུད་ན་ཡོད། ཆུ་ངོས་ཀྱི་དྲོད་ཚད་དམའ་ལ། མཚོ་དར་ཆགས་ཡུན་ཟླ་བ་དྲུག་ཙམ་ཡིན། མཚོ་ནང་དུ་ཉ་རིགས་མང་ལ། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ས་ཆའི་ལྷོ་རྒྱུད་ན་ཡོད།
བརྒྱད། ལི་ཤི་འོད་ལྡན་མཚོ། (勒斜武担湖) ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྟེ་ཁུ་ནུ་རི་བོའི་ཤར་རྒྱུད་དང་གུ་གུ་ཤལ་རི་བོའི་བར་གྱི་གཞོང་ས་ཞིག་ཏུ་ཡོད། ཆུ་མིག་དང་གངས་ཆུ་ནི་མཚོ་ཡི་ལྟག་ཆུ་ཡིན་ལ། མཚོ་ཁུལ་དུ་སྐྱེ་དངོས་མང་པོ་ཡོད།
འབྲེལ་ཡོད་འོས་སྦྱོར།