༄༅།།ཁམས་རའི་རྫོང་ཆེན་བཅོ་བརྒྱད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:གཙན་ཚའི་རིག་གནས།
དུས་ཚོད།:2021-03-16
ཀློག་གྲངས།:
ཁམས་རའི་རྫོང་ཆེན་བཅོ་བརྒྱད་ཅེས་པ་ནི་དབུས་རི་གནམ་རྫོང་རྩེའི་མཐའ་སྐོར་དུ་ཡོད་པའི་རྫོང་ཆེན་བཅོ་བརྒྱད་ལ་བྱ་ཞིང་། འདིའི་ངོས་འཛིན་ཚུལ་ཐད་སྟོད་ན་དཀར་བོ་ལྷ་ཡི་རྫོང་དྲུག་དང་། བར་ན་དམར་བོ་བཙན་གྱི་རྫོང་དྲུག སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་ཅེས་པའི་བཤད་རྒྱུན་ཡོད་ལ། འདིར་དཀར་བོ་ཞེས་པ་ནི་སྟོད་ཀྱི་གངས་རི་དཀར་བོ་ལ་གོ་བ་དང་དམར་བོ་ཞེས་པ་ནི་བར་གྱི་རྫ་རི་དམར་བོ། སྔོན་མོ་ཞེས་པ་ནི་སྨད་ཀྱི་རྨ་ཆུ་སྔོན་མོ་ལ་བྱའོ།།
1. སྟོད་ན་དཀར་བོ་ལྷ་ཡི་རྫོང་དྲུག་གི་རྫོང་དཔོན་རྒོད་པོ་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་རྒྱ་སྟག་ངར་མ་ནགས་ནས་མཆོང་བ་དང་ཀུན་ནས་མཚུངས་ཤིང་རྫོང་འདིའི་འདབས་སུ་བ་རས་མ་ཞེས་པའི་དུར་ཁྲོད་ཅིག་ཡོད་ལ། སྔོན་ཡུལ་འདིའི་མི་མང་ཆེ་བ་ཚེ་ལས་འདས་ཚེ་དུར་ཁྲོད་འདིར་བེམ་པོ་བྱ་གཡེང་བྱེད་སྲོལ་ཡོད་ལ། དུས་དེར་རྫོང་འདིའི་རྩེ་རུ་བྱ་རྒོད་བརྒྱ་ཕྲག་མང་བོ་དུས་གཅིག་ཏུ་འདུས་ཏེ་བེམ་པོར་རོལ་བའི་བཤད་རྒྱུན་ཡོད་པས་རྫོང་འདིར་རྒོད་པོ་རྫོང་ཞེས་པའི་མིང་ཐོགས།
2. གནས་སྤོ་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་ཤྭ་བོའི་རྭ་བརྒྱད་དང་འདྲ་ཞིང་། སྔོན་ཁམས་རའི་སྔགས་འཆང་རྣལ་འབྱོར་བ་འགའ་རྫོང་འདིའི་རྩེར་གནས་སྤོས་ཡོང་ནས་འཁོར་འདས་རུ་ཤན་གྱི་སྤྱོད་པ་མཛད་མྱོང་བས་ན་གནས་སྤོ་རྫོང་ཞེས་པའི་མིང་ཐོགས་པ་དང་། ད་ལྟའང་རི་འདིའི་རྩེ་ན་སྐབས་དེའི་སྒྲུབ་ཁང་བརྩིགས་པའི་ཤུལ་དང་མིས་བརྐོས་པའི་ཁྲོན་པའི་ཤུལ་གཉིས་ཙམ་མཐོང་རྒྱུ་ཡོད།
3. བ་ཤིང་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་དམག་མིའི་མཁར་རྫོང་དང་འདྲ་ཞིང་རི་འདིའི་རྩ་བ་དང་རྐེད་ན་བ་ཤིང་ཞེས་པའི་ཤིང་སྣ་ཧ་ཅང་མང་ཞིང་རྫོངས་མཐུག་པས་ན་ཡུལ་མི་རྣམས་ཀྱིས་རྫོང་འདིའི་མིང་ལ་བ་ཤིང་རྫོང་ཞེས་བཏགས། 4. ཁྲ་མཆུ་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་བྱ་ཁྲའི་མཆུ་དང་འདྲ་བས་ཁྲ་མཆུ་རྫོང་ཞེས་བཏགས་པ་ཡིན། སྔོན་སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་ཁམས་ཀྱི་སེང་བྲག་ནས་མ་སངས་འགེངས་པ་དམ་ལ་བཏགས་པར་གསུངས་ལ། འདིའི་སྐབས་ཀྱི་བསྟན་སྲུང་མཐུ་བོ་ཆེ་ཨ་མྱེས་མ་སངས་ཀྱི་ལྷ་ཐོ་བརྩིགས་པའི་གནས་ཀྱང་ཡིན་ནོ།།
5. ཇོ་མོ་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་སེང་གེ་གནམ་བསྒྱིངས་ཀྱི་ཚུལ་དུ་ཡོད་ཅིང་། ལོ་སུམ་བརྒྱའི་སྔོན་གྱི་རབ་བྱུང་བཅུ་གཉིས་པའི་སྟོད་ཙམ་ལ། ཇོ་མོ་རྫོང་གི་སྒྲུབ་ཁང་ན། སྒྲུབ་པ་ཡུན་རིང་མཛད་ཅིང་བཞུགས་པས། རིམ་གཉིས་ཀྱི་རྣལ་འབྱོར་མཐར་ཕྱིན་ནས་མཆོག་གི་དངོས་གྲུབ་ཐོབ་པའི་ཇོ་མོ་ཡེ་ཤེས་སྒྲོལ་མ་བྱ་བ་ཞིག་ཡོད་པར་གླེང་། ཉིན་ཞིག་ཇོ་ཕྲུག་བཙུན་མ་ཆུ་ལེན་དུ་སོང་ནས་ཡོང་དུས། ཇོ་མོ་བཞུགས་མེད། སྒོར་ཕྱིན་ནས་གར་ཕེབས་བལྟས་པས་སྒོམ་ཁང་རི་ངོས་མིས་མི་ཐར་ས་ཞིག་ཏུ་བཞུགས་འདུག་པ་མཐོང་། ཇོ་ཕྲུག་གིས་ཡར་ཇི་ལྟར་འཛེགས་པ་བློར་མི་ཤོང་ཞིང་། ཕྱིར་འབབ་པ་དེ་བས་ཉེན་ཁ་ཆེ་བར་བསམས་ནས། ཕྱིར་བཟློག་ཐབས་ཡོད་མེད་སྐད་བཏོན་ནས་དྲིས་པར། ཇོ་མོས་ཁོ་མོ་ཕྱིར་མི་ལྡོག་པ་ཡིན་གསུངས། ཇོ་ཕྲུག་ངུ་ཞིང་དུ་ངག་བརྗོད་པ་ན། ཇོ་མོས་གསུངས་པ། ཁོ་མོའི་ཤུལ་ཏུ་རིལ་བུ་དང་བགྲང་ཕྲེང་ཡོད་པས་རིལ་བུ་ཟོ་ལ་ཕྲེང་བ་སྐེར་འཕངས་པས་ཡོང་ཐུབ་པར་བསླབས་པ་ལྟར་སྐུ་རྗེས་ཆོད། ཇོ་ཕྲུག་གིས་ཇོ་མོ་དངོས་གྲུབ་ཐོབ་པ་ཤེས་ནས། ཁོ་མོ་བྱིན་གྱིས་བརླབས་ཤིང་རྗེས་སུ་འཛིན་པར་ཞུས་པས། ཇོ་མོའི་ཞལ་ནས། ང་ནི་འཇའ་ལུས་གྲུབ་པ་ཡིན།། བུ་ཁྱོད་ང་ཡི་རྗེས་ཞུགས་ཏེ།། བསླབ་པ་མ་གཡོལ་སྒྲུབ་ལ་བརྩོན།། ཕྱི་མར་དབུས་གཙང་ཞིང་ནས་འཕྲད།། ཅེས་གསུངས་པ་སོགས་ཀྱི་བཤད་རྒྱུན་དུས་ད་ལྟའང་མ་ཉམས་པར་ཡོད་ལ། ཨ་ཆུང་གནམ་རྫོང་དུ་ཇོ་མོ་བྱུང་བའི་ལོ་རྒྱུས་ཆེས་སྔ་བའང་ཡིན།
6. རྔ་རྫོང་།
དུས་བཟང་དག་ལ་རྔ་སྒྲ་ལྟ་བུ་ཐོས་པས་རྔ་རྫོང་དུ་གྲགས་པར་བཤད། གནས་འདིར་གནམ་རྫོང་གི་ཇོ་མོ་དགོན་ཐོག་མར་ཆགས་པར་བཤད་མོད། ཕྱིས་སུ་ས་བཀྲ་མི་ལེགས་པས་གནས་སྤར་བར་བཤད། 7. བར་གྱི་དམར་བོ་བཙན་གྱི་རྫོང་དྲུག་གི་རྫོང་དཔོན་ར་གཞི་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་བཙན་ལྷ་དམར་བོའི་དབུ་ལ་རུ་དར་བཙུགས་འདྲའི་དྲག་ཤུལ་གྱི་ཉམས་དང་ལྡན་ཞིང་། སྔོན་བྱོན་ཁམས་རའི་ཡུལ་གྱི་དད་པ་དང་སྙིང་རྗེས་རྒྱུད་ཕྱུག་པའི་ཡུལ་མི་དག་གིས་སྒོ་ཕྱུགས་ར་སྐྱེས་ཀྱི་རིགས་མང་བོ་རྫོང་འདིའི་རྩེར་ཚེ་ཐར་དུ་གཏོང་བའི་སྲོལ་བྱུང་བས་ཕྱིས་སུ་ར་གཞི་རྫོང་ཞེས་ཐོགས། འདིའི་རྒྱབ་ཀྱི་ཁ་ལ་ཡུག་མཚམས་ཁང་དུ་སྔོན་གྲུབ་ཆེན་ཞིག་གིས་མཛུབ་མོ་གསུམ་བྲག་ངོས་སུ་བཙུགས་པའི་ཤུལ་གྱི་ཁུང་བུ་ནས་གནམ་ཆུ་འབབ་པ་ཡོད།
8. མགོན་པོ་རྫོང་།
རྫོང་འདིའི་ཆགས་ཡུལ་ནི་ནོར་བུ་མེ་འབར་གྱི་དབྱིབས་དང་འདྲ་ཞིང་མགོན་པོ་ཕྱག་དྲུག་པའི་གནས་རིར་གྲགས་ཤིང་། ཀོའུ་བ་ཆོས་ཀྱི་རྒྱ་མཚོས་མགོན་པོ་སྒྲུབ་ནས་ཞལ་གཟིགས་པའི་གནས་རི་བྱིན་ཅན་ཡིན་པས་དེ་ལྟར་མིང་ཐོགས། གཞན་ཡང་གནས་འདིར་བྱ་བྲལ་ཆོས་དབྱིངས་རང་གྲོལ་མཆོག་སྒྲུབ་པ་ཉམས་ལེན་བྱས་ཏེ་གྲོལ་བའི་བཤད་རྒྱུན་འདུག་ལ། ཁོང་གིས་སྣ་ཚོགས་རང་གྲོལ་དང་དཔེ་ཆའི་དོགས་གཅོད་མཛད་སྐབས་གང་འགྲོས་ཀྱིས་ཕེབས་མི་དགོས་པར་གཟན་གྱིས་གཤོག་པ་བྱས་ནས་མགོན་པོ་རྫོང་དང་གནམ་རྫོང་རྩེའི་བར་ནས་ཕར་འཕུར་ཚུར་འཕུར་ཞེས་པའི་ངོ་མཚར་མཛད་པ་ད་ལྟའི་བར་དུ་མ་ཉམས་པར་གནས་འདིའི་སྐྱེ་བོའི་ཁ་ན་རླུང་ལྟར་གྲགས་སོ།།
9. ལམ་འཕྲང་རྫོང་།
རྫོང་འདིའི་ངོས་ཧ་ཅང་གཟར་ཞིང་རྫོང་རྩེར་འགྲོ་ན་ལམ་འཕྲང་ཙམ་ལས་མེད་པས་འགྲོ་དཀའ་སྟབས་ལམ་འཕྲང་རྫོང་དུ་ཐོགས། 10. རྟ་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་རྟ་ལ་སྒ་ཆས་བརྒྱབ་འདྲའི་ཉམས་དང་ལྡན་ཞིང་། ཁམས་རའི་ཡུལ་གྱི་གནག་ཕྱུགས་སྤྱི་དང་ཁྱད་པར་དུ་འདོ་རིགས་རྟ་ཡི་ཁྱུ་ཚོགས་རྩྭ་ཆུར་རོལ་བའི་གནས་བཟང་བོ་ཡིན་པས་ན་རྟ་རྫོང་དུ་མིང་ཆགས།
11. སྡེ་བརྒྱད་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་བྱང་ཆུབ་མཆོད་རྟེན་དང་འདྲ་ཞིང་ལྷ་སྲིན་སྡེ་བརྒྱད་མང་བོ་འདུ་བའི་གནས་ཡིན་པས་ན་དེ་ལྟར་ཐོགས། ས་འདིའི་ཡུལ་མིའི་བཤད་རྒྱུན་ལ། ཞིང་བ་རྣམས་ཀྱིས་བདེ་བརྒྱད་ལ་མཆོད་བཀུར་བྱས་ན་ལྷ་སྲིན་སྡེ་བརྒྱད་ཚོགས་ཀྱིས་ཡུལ་འདིའི་བསྟན་འགྲོ་ཀུན་ལ་སྲི་ཞུ་སྒྲུབ་ཅིང་། མ་མཆོད་ན་བདེ་བརྒྱད་ཐུགས་ཁྲོས་ནས་སེར་བ་བཏང་སྟེ་ལོ་ཏོག་བཅོམས་ནས་སྙེ་མ་དག་གནས་འདིར་ཁྱེར་ཡོང་ནས་སྡེ་བརྒྱད་ཀྱི་གཡུལ་ཁར་གྲགས་པའི་སྟེགས་བུ་ཆེན་པོ་ཞིག་ཡོད་པ་དེའི་སྟེང་ནས་གཡུལ་བཅག་སྟེ་ལོ་གཅིག་གི་སྟོན་གྱི་འབྲས་བུ་ལེན་ངེས་པར་བཤད་ལ། གནས་འདིར་ཡོད་པའི་ཁོད་སྙོམས་པའི་སྟེགས་བུ་ཆེན་པོ་དེར་སྡེ་བརྒྱད་ཀྱི་གཡུལ་ཁ་དང་རི་ཆུང་ཞིག་ཅན་དུ་བསླངས་པ་འདྲ་བ་དེར་སྡེ་བརྒྱད་ཀྱི་རྡོ་རིལ་ཟེར་སྲོལ་ཡོད། འདིར་སྐྱེས་ཆེན་དུ་མ་བཞུགས་ནས་སྒྲུབ་པ་ཉམས་ལེན་བྱས་པའི་ལོ་རྒྱུས་བཤད་རྒྱུན་དུ་ཡོད།
12. འུག་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་སེང་གེ་གངས་ནས་འགྱིང་བ་དང་འདྲ་ཞིང་། བྲག་ལྡེབས་སུ་མཆོད་རྟེན་རང་བྱོན་དང་གཤམ་དུ་ལྷ་ལུང་དཔལ་རྡོར་གྱི་སྒྲུབ་ཕུག་ཡོད། གནས་འདིར་ཤར་སྐལ་ལྡན་རྒྱ་མཚོ་སོགས་སྐྱེས་ཆེན་མང་བོ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད་མྱོང་ལ། རྫོང་རིར་ནགས་ཀྱི་རྫོངས་སྟུག་ཅིང་མདུན་རྒྱབ་ཀྱི་བྲག་སྣ་གྱེན་དུ་གཟེངས་པའི་བར་ན་ཆགས་ཡོད་སྟབས་ཉིན་མོ་ཡང་སྨག་རིམ་འཐིབས་པའི་སྣང་བ་སྟེར་བས་འབྱུང་བོའི་བྱ་འུག་པའི་ཚོགས་དུས་རྒྱུན་འདི་རུབ་བྱེད་སའི་གནས་སུ་གྱུར་ཡོད་པས་འུག་རྫོང་དུ་ཐོགས། 13. སྨད་ཀྱི་སྔོན་མོ་ཀླུ་ཡི་རྫོང་དྲུག་གི་རྫོང་དཔོན་སྨུག་པོ་རྫོང་།
རྫོང་འདིའི་ཆགས་ཡུལ་ནི་ལྷ་ཡི་གསེར་བུམ་ལ་རྨ་བྱའི་སྒྲོ་ཡི་ཁ་རྒྱན་བཙུགས་པ་དང་འདྲ་ཞིང་། ལོ་རེའི་དབྱར་ཟླ་གསུམ་པོར་ཆར་བ་བབས་པ་ནས་སྟོན་ཟླ་ཐ་ཆུང་བར་རྫོང་འདིའི་རྩེ་དང་རྐེད་པའི་མུ་ཁྱུད་ཡོངས་སུ་དར་དཀར་འདྲ་བའི་སྨུག་སྤྲིན་གྱིས་བཀླུབས་པས་ན་སྨུག་རྫོང་ཞེས་པའི་མིང་ཐོགས། ཀླད་དུ་མཚམས་ཁང་ཡོད།
14. ལ་རིང་རྫོང་།
རྫོང་རྩེར་འགྲོ་སའི་ལམ་གཟར་ཞིང་རིང་བའི་ན་ལ་རིང་རྫོང་དུ་མིང་ཐོགས།
15. ནོར་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་ཤ་ཤེད་ཀྱིས་རྒྱགས་པའི་འབྲོང་གཡག་དར་མ་གྱེན་དུ་འགྲོ་བ་དང་འདྲ་ཞིང་། སྔོན་ཆད་གནུབས་སྡེ་བའི་ནོར་གནག་འཚོ་སའི་རྟེན་གཞི་གཙོ་བོ་ཞིག་ཡིན་པས་ནོར་རྫོང་ཞེས་པའི་མིང་ཐོགས། 16. ལུག་རྫོང་།
རྫོང་འདིའི་ཆགས་ཡུལ་ནི་མཆོད་རྟེན་གྱི་བང་རིམ་ལྟར་ཐེམ་པ་མང་བོ་བརྩེགས་ཤིང་མཐོ་དམའ་རན་པའི་རྫོང་ཞིག་ཡིན་པ་དང་། དུས་བཞིར་ལུག་མང་བོ་བག་ཡངས་སུ་འཚོ་གནས་བྱེད་པའི་དབེན་རི་ཞིག་ཡིན་པས་ལུག་རྫོང་དུ་ཐོགས།
17. སེར་མོ་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་ཆོས་གོས་རྣམ་གསུམ་གྱོན་པའི་འདུལ་འཛིན་དགེ་སློང་ཞིག་གིས་ཏིང་འཛིན་སྒོམ་པ་དང་ཀུན་ནས་མཚུངས་པའི་དབེན་རྫོང་ཞིག་ཡིན་པས་སེར་མོ་རྫོང་དུ་ཐོགས། གཞན་ཡང་ལོ་བརྒྱ་ཕྲག་མང་བོའི་ཡར་སྔོན་དུ་གནུབས་ཁམས་རའི་བྱ་བཏང་རི་ཁྲོད་པ་མང་བོ་རྫོང་འདིའི་རྩེའི་བྲག་ཕུག་མང་བོར་སྒོམ་སྒྲུབ་ལ་གཞོལ་བའི་ལོ་རྒྱུས་ད་ལྟའི་བར་མ་ཉམས་པར་བཤད་རྒྱུན་དུ་ཡོད། ཀླད་དུ་ད་ལྟའང་མཚམས་ཁང་ཡོད།
18. ཟོར་རྫོང་།
རྫོང་འདིའི་ཆགས་དབྱིབས་ནི་ཟུར་གསུམ་ལས་གྲུབ་ཅིང་ངོས་གཟར་ལ་རྩེ་མོ་རྣོ་ཞིང་། རྫོང་གཞན་ལས་དམར་ཤས་ཆེ་བས་ན་གཏོར་ཟོར་ཆེན་པོ་ཞིག་ལ་ཁྲག་གིས་བརྒྱན་པ་དང་འདྲ་བས་ཟོར་རྫོང་དུ་ཐོགས།

འབྲེལ་ཡོད་འོས་སྦྱོར།