རི་སྐྱེས་སྲོག་ཆགས་བྱ་མ་བྱི་མདོར་བསྡུས།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2018-09-28
ཀློག་གྲངས།:
བྱ་མ་བྱི། 灰鼯鼠 Grey Flying Squirrel
གཟུགས་གཞིའི་ཁྱད་ཆོས།
བྱ་མ་བྱིའི་གཟུགས་གཞིའི་རིང་ཚད་ལ་ལིས་སྨིས40ཡས་མས་དང་རྔ་མའི་རིང་ཚད་ལ་ལིས་སྨིས35ཡས་མས་ཡོད། བྱ་མ་བྱིའི་མགོ་སྒོར་སྒོར་བྱི་ལ་དང་མཚུངས་ཤིང་རྣ་རྒྱབ་ན་རྟིང་དུ་ཟུག་ཡོད་པའི་ཐིག་ལེ་སེར་བོ་ཞིག་མཆིས། རྒྱབ་གཞུང་གི་སྤུ་མདངས་སྨུག་སེར་རམ་སྨུག་སྐྱ་ཡིན། དབོ་སྤུ་དཀར་སྐྱ་ཡིན། རྔ་མའི་སྤུ་མདངས་དང་ལུས་ཀྱི་རྒྱབ་གཞུང་གི་སྤུ་མདངས་ཕལ་ཆེར་གཅིག་མཚུངས་ཡིན་ལ། རྔ་རྩེ་ནག་པོ་དང་རྔུ་སྤུ་སོབ་སོབ་ཡིན།ཁྱབ་ཡུལ།
བྱ་མ་བྱི་ནི་མདོ་དབུས་མཐོ་སྒང་ལ་གཏོགས་པའི་བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ན་གནས་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
བྱ་མ་བྱི་འཚོ་སྡོད་བྱེད་ས་ནི་རྒྱ་མཚོའི་ངོས་ལས་སྨིས3000ནས་སྨིས3200ཡི་བར་ཡིན་པས། མཐོ་སྒང་གི་བྱི་རིགས་ཤིག་ཡིན། དུས་རྒྱུན་དུ་གསོམ་པའི་ནགས་ཚལ་དང་ཤུག་པའི་ནགས་ཚལ་གྱི་ཁྲོད་ན་གནས་པ་དང་། ཉིན་དཀར་རང་གིས་བཟོས་པའི་བྱི་ཁུང་དུ་ངལ་གསོ་བྱེད་ཅིང་མཚན་མོར་ཁ་ཟས་བཙལ་དུ་འགྲོ་བ་ཡིན། ཁ་ཟས་གཙོ་བོ་ནི་གསོམ་འབྲུ་དང་ཤུག་འབྲུ་ཡིན། བྱ་མ་བྱི་ནི་སྡེར་མོ་ལ་བརྟེན་ནས་སྡོང་མགོར་འགོ་མཁས་པ་དང་སྐྱི་མོ་ལ་བརྟེན་ནས་སྡོང་བོ་གཅིག་ནས་སྡོང་བོ་གཞན་ཞིག་གི་སྟེང་ལ་འཕུར་མཁས་པ་ཞིག་ཡིན། བྱ་མ་བྱིས་དགུན་ཉལ་མི་སྟེག་མོད། དྲོད་ཚད་གོར་ཐིག་མན་གྱི་ཏུའུ20ཡི་ཡས་མས་ལ་ལྷུང་ན་ཚང་ཉལ་སྟེག་སྟེ་སྒོར་མི་འབུད་པ་ཡིན
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
བྱ་མ་བྱིའི་ཤ་དང་རུས་པ། བྱི་རྟུག་སོགས་སྨན་དུ་འགྲོ་བ་ཡིན།
ད་ཡོད་གནས་བབ།
བོད་མིས་བྱ་མ་བྱི་མི་གསོད་པས། བྱ་མ་བྱིའི་ཐོན་ཁུངས་ལ་གཏོར་བརླག་ཐེབས་མེད།
འབྲེལ་ཡོད་འོས་སྦྱོར།