བོད་ལྗོངས་ལྷོ་ཁའི་མིས་བཟོས་ནགས་ཚལ་གྱིས་རི་དྭགས་དང་འདབ་ཆགས་ལ་ཁྱིམ་གཞིས་བསྐྲུན་པ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མི་དམངས་དྲ་བ།
དུས་ཚོད།:2018-01-10
ཀློག་གྲངས།:
དགུན་ཐོན་པ་ནས་བཟུང་། ཤྭ་བ་དང་གནའ་བ་ལ་སོགས་པའི་རི་དྭགས་དང་འདབ་ཆགས་ཀྱི་རིགས་ཁ་ཤས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་ཡོང་ནས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་རྩེད་ཐང་སྡེ་ཁུལ་གྱི་མིས་བཟོས་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དུ་དགུན་དུས་བསྐྱལ་བཞིན་ཡོད་པ་རེད།
མཚམས་སྦྱོར་གནང་བ་ལྟར་ན། ས་གནས་དེའི་མིས་བཟོས་ནགས་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་ནི་དུས་རབས20པའི་ལོ་རབས50བར་རྒྱ་ཁྱོན་མུའུ500ཙམ་ལས་མེད་པ་ནས་ད་ཆའི་མུའུ10200བར་རྒྱ་སྐྱེད་ཡོད་ཅིང་། མུའུ་ཁྲི་ཟིན་པའི་མིས་བཟོས་ནགས་ཚལ་གྱིས་རླུང་འགོག་བྱེ་འཇགས་བྱུང་བ་དང་དུས་མཚུངས། རི་དྭགས་དང་འདབ་ཆགས་ལའང་དགུན་བསྐྱལ་བའི་ཁྱིམ་གཞིས་སུ་གྲུབ་ཡོད།
འབྲེལ་ཡོད་འོས་སྦྱོར།