logo

མགོ་མང་སྤྱི་ཕན་ཁོར་སྐྱོང་མཐུན་ཚོགས་ལ་ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་དཔྱད་དཔོག3Aརིམ་པའི་འཛིན་ཡིག་གནང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-12-07 ཀློག་གྲངས།:

     ཉེ་ལམ། མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་བཅོས་སྐྱོང་མཐུན་ཚོགས་ལ་ཀྲུང་གོའི་སྤྱི་ཚོགས་རྩ་འཛུགས་དཔྱད་དཔོག3Aརིམ་པའི་སྒོ་བྱང་དང་འཛིན་ཡིག་གནང་།

     སྤྱི་ཚོགས་རྩ་འཛུགས་རིམ་པ་དཔྱད་དཔོག་ནི་དམངས་སྲིད་པུའུ་ཡིས་བཏོན་པའི་སྤྱི་ཚོགས་རྩ་འཛུགས་དཔྱད་དཔོག་དོ་དམ་བྱེད་ཐབས་ཞེས་པར་སྤྱི་ཚོགས་རྩ་འཛུགས་དཔྱད་བསྡུར་གཏན་འབེབས་རིམ་པ་ལྔ་ཡོད་དེ། 3Aརིམ་པའི་འཛིན་ཡིག་བླངས་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་སྔོན་དུ་སྲིད་གཞུང་གི་འགན་ནུས་སྤོ་སྒྱུར་ལེན་ཆོག་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་འཐོབ་ལ་འོས། ད་དུང་སྲིད་གཞུང་རང་བཞིན་གྱི་གཟེངས་རྟགས་ལེན་པ། སྤྱི་ཚོགས་རྩ་འཛུགས་རིམ་པའི་དཔྱད་དཔོག་ལ་རིམ་པ་ལྔ་ཡོད་དེ། 5Aརིམ་པ་དང4Aརིམ་པ། 3Aརིམ་པ། 2Aརིམ་པ། 1Aརིམ་པ་བཅས་སོ།།
     དཔྱད་བསྡུར་ནང་དོན་ལ་རྨང་གཞིའི་ཆ་་རྐྱེན། ནང་ཁུལ་བཅོས་སྐྱོང་། ལས་གཉེར་བྱེད་སྒོ། དྲང་རྟོན་འཛུགས་སྐྲུན། སྤྱི་ཚོགས་གདེང་འཇོག་སོགས་འདུས།


འབྲེལ་ཡོད་འོས་སྦྱོར།