logo

རྟའི་སྐོར་སྲུང་རུ་ཁག་གིས་འབྲི་ཆུའི་མགོ་ཁུངས་ལ་སྐོར་ཞིབ་བྱེད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་སྲིད་གཞུང་དྲ་བ། དུས་ཚོད།:2017-09-28 ཀློག་གྲངས།:


གཙང་གསུམ་མགོ་ཁུངས་ཀྱི་རྟའི་སྐོར་སྲུང་རུ་ཁག



གཙང་གསུམ་མགོ་ཁུངས་ཀྱི་རྟའི་སྐོར་སྲུང་རུ་ཁག


གཙང་གསུམ་མགོ་ཁུངས་ཀྱི་རྟའི་སྐོར་སྲུང་རུ་ཁག

     ཉེ་སྔོན། འབྲི་ཆུའི་མགོ་ཁུངས་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་ཆུ་དམར་ལེབ་དོ་དམ་ཁང་གིས་གསར་དུ་བཙུགས་པའི་རྟའི་སྐོར་སྲུང་རུ་ཁག་གིས་འབྲི་ཆུའི་མགོ་ཁུངས་སུ་སྐོར་ཞིབ་བྱ་འགུལ་སྤེལ། ཆུ་དམར་ལེབ་དོ་དམ་ཁང་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུའུ་ཅུའུ་ཀྲང་སྐལ་ཐར་གྱིས་ངོ་སྤྲོད་ལྟར་ན། ཁོར་སྲུང་སྐོར་ཞིབ་བྱ་བ་ཁྱོན་ཡོངས་ནས་ལེགས་པོ་ཞིག་བསྒྲུབ་ཆེད་རླངས་འཁོར་སྐོར་ཞིབ་རུ་ཁག་དང་འཕྲུལ་རྟའི་སྐོར་ཞིབ་རུ་ཁག་གི་རྨང་གཞིའི་སྟེང་རྟའི་སྐོར་ཞིབ་རུ་ཁག་ཅིག་ཀྱང་བཙུགས་ཏེ། ད་སྔར་རྟའི་སྐོར་ཞིབ་རུ་ཁག་ལ་ཚོགས་མི100ལྷག་ཡོད་ལ་རྟ་ཡང100ལྷག་ཡོད། རྟའི་རུ་ཁག་གིས་དུས་ཚིགས་རེར་སྐོར་ཞིབ་ཐེངས་རེར་བྱེད་པ་དང་རླངས་འཁོར་སྐོར་ཞིབ་རུ་ཁག་གིས་ཟླ་རེར་སྐོར་ཞིབ་ཐེངས་རེར་བྱེད་དགོས། འཕྲུལ་རྟའི་རུ་ཁག་གིས་ཟླ་གཉིས་རེར་སྐོར་ཞིབ་ཐེངས་རེར་བྱེད་དགོས་ཟེར།


འབྲེལ་ཡོད་འོས་སྦྱོར།