མང་ཚོགས་ཀྱི་གཏུག་བཤེར་དཔྱད་གཞི85རྒྱུད་སྤྲོད་བྱས་པ།
2017ལོའི་ཟླ9པའི་ཚེས2ཉིན་གྱི་ཆུ་ཚོད9བར་དུ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་བདུན་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་ཉེར་བཞི་པའི་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན་གྱི་དཔྱད་གཞི85བརྒྱུད་སྤྲོད་བྱས། དེའི་ནང་དུ་ཟི་ལིང་གྲོང་ཁྱེར་དང་འབྲེལ་བ་ཡོད་པའི་དོན་རྐྱེན54དང་། མཚོ་ཤར་གྲོང་ཁྱེར་གྱི་དོན་རྐྱེན16། མཚོ་ཤར་ཁུལ་གྱི་དོན་རྐྱེན16། མཚོ་ནུབ་ཁུལ་གྱི་དོན་རྐྱེན4། མཚོ་ལྷོ་ཁུལ་གྱི་དོན་རྐྱེན5། མཚོ་བྱང་ཁུལ་གྱི་དོན་རྐྱེན4། ཡུས་ཧྲུའུ་ཁུལ་གྱི་དོན་རྐྱེན1། རྨ་ལྷོ་ཁུལ་གྱི་དོན་རྐྱེན3བཅས་ཡོད། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚན་ཁག་གིས་གཙོ་བོ་དོན་རྐྱེན3ལ་དོ་ཁུར་བྱེད་བཞིན་ཡོད་དེ། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་དོན་རྐྱེན2དང་། མཚོ་ལྷོ་ཁུལ་གྱི་དོན་རྐྱེན1ཡོད། མིག་སྔའི་བར་དུ་བསྡོམས་པས་མང་ཚོགས་ཀྱི་ཡིག་སྐུར་གཏུག་བཤེར་དོན་རྐྱེན1773དང་ལེན་བྱས་ཡོད།