logo

མཚོ་ལྷོ་ཁུལ་གྱིས་ཆུ་གློག་ས་ཚིགས་ཆུང་བའི་ཚོད་འཛིན་སྒྲིག་ཆས་བཙུགས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་སྨྱན་གསར། དུས་ཚོད།:2017-08-31 ཀློག་གྲངས།:
     ཆུ་དང་འབྲེལ་བའི་ཁོར་སྲུང་ལྟ་ཞིབ་གནད་དོན་ལེགས་བཅོས་བྱེད་ཆེད། རང་ཁུལ་གྱིས་ཁོར་སྲུང་དང་ཆུ་བེད་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ། ཁུལ་ཡོངས་ཀྱི་ཆུ་བེད་གློག་འདོན་ཀྱི་ཆུ་འགྲམ་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱ་བར་རྟོག་ཞིབ་དོན་འཁྱོལ་བྱས་པ།
     མིག་སྔའི་བར། ཁུལ་ཡོངས་ཀྱི་ཆུ་གློག་ས་ཚིགས38ལས་ཆུ་གློག་ས་ཚིགས4མ་གཏོགས་གཞན་ཆུ་གློག་ས་ཚིགས34ལ་ཆ་སྙོམས་གྱིས་སྐྱེ་ཁམས་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལྷུ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་། སྒྲིག་གཞི་དེས་འཛུགས་སྐྲུན་གྱིས་གཞུང་ཆུའི་སྐྱེ་ཁམས་ལ་གནོད་པ་ཐེབས་པའི་གནད་དོན་ཐག་གཅོད་བྱེད་ཐུབ་པར་མ་ཟད། ཆུའི་ནང་གི་སྐྱེ་དངོས་དང་སྐྱེ་ཁམས་མ་ལག་འཐུས་ཚང་དང་སླར་གསོ་ཐུབ་པར་ནུས་པ་གལ་ཆེན་ལྡན།


འབྲེལ་ཡོད་འོས་སྦྱོར།