logo

ཀོས་ནན་གྱིས་བྱེ་ཟེགས་བཟོ་གྲྭ་དང་གཏེར་འདོན་ཁེ་ལས་ལ་ལེགས་བཅོས་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་སྨྱན་གསར། དུས་ཚོད།:2017-08-29 ཀློག་གྲངས།:
     ཀོས་ནན་རྫོང་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་དང་ཁོར་སྲུང་། ཆུ་བེད། སྤྱི་བདེ། འགྲིམ་འགྲུལ་སོགས་སྡེ་ཁག་རྩ་འཛུགས་བྱས་ཏེ་མཉམ་དུ་ཁྲིམས་ལྟར་རྫོང་ཡོངས་ཀྱི་བྱེ་ཟེགས་བཟོ་གྲྭ་དང་གཏེར་འདོན་ཁེ་ལས་དར་སྤེལ་ཆེད་གཉེར་ལ་ལེགས་བཅོས་བྱས་པར་མ་ཟད། ཁྲིམས་མཐུན་མིན་པའི་གཏེར་འདོན་ཁེ་ལས་ལ《དུས་བཀག་ལེགས་བཅོས་བརྡ་སྦྱོར》དང《སྲིད་འཛིན་ཉེས་བཅོད་ཡི་གེ》བྱིན་ཏེ་མགོ་མང་གྲོང་རྡལ་གྱི་མཁར་བྱང་བྱེ་ཟེགས་བཟོ་གྲྭ་དང་སུམ་མདོ་ཟམ་པ་དང་པོ་དང་གཉིས་པའི་བྱེ་དོང་བསྐྱར་བཟོ་བྱས་པ་དང་སྟབས་བདེ་སྡོད་ཁང་དང་གློག་སྡོང་གློག་སྐུད་འཕྲུལ་ཆས་སོགས་སྒྲིག་ཆས་མེད་པར་བཟོས་པ་དང་། དེ་མིན་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་དུས་ངེས་མེད་དུ་རྟོག་ཞིབ་བྱས་ནས་བྱེ་ཟེགས་དང་གཏེར་ཁ་ལྐོག་འདོན་ཐད་ཀྱི་གནད་དོན་མི་འབྱུང་བར་ཁག་ཐེག་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།