logo

མགོ་མང་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་ཚོགས་པའི་ལོ་གསར་པའི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་འགུལ་ཐོག་མ།

རྩོམ་པ་པོ།:ལྷ་འབུམ་ཡག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-01-16 ཀློག་གྲངས།:


མགོ་མང་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་ཚོགས་པའི་ལོ་གསར་པའི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་འགུལ་ཐོག་མ།

     སྤྱི་ཟླ1པོའི་ཚེས10ཉིན་ནས་ཚེས13བར་བསྟུད་མར་ཉིན་བཞིའི་རིང་ལ་མང་རྫོང་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་ད་ལོའི་སྐབས་དང་པོའི་ཁོར་ཡུག་གཙང་སྦྲའི་བྱ་འགུལ་སྤེལ་ཞིང་། འདིར་མཐུན་ཚོགས་ཀྱི་བཀོད་སྒྲིག་ལྟར་མཐུན་ཚོགས་ཚོགས་གཙོ་དོན་གྲུབ་རྒྱལ་གཙོས་འགན་ཁུར་པ་ཡོངས་དང་ཤ་རྒྱ། ཆོས་ཚ། གློ་རྒྱ། བྲག་ཆུ་ཚན་ཆུང་བཅས་ཀྱི་ཚོགས་མི་ཉིས་བརྒྱ་ལྷག་གིས་རང་རང་སྡེ་བའི་ནང་ཁུལ་དང་སྒོས་སུ་གཅིག་སྒྲིལ་གཞུང་ལམ་དམིགས་སུ་བཟུང་ནས་ཕྱོགས་ཡོང་མགྲོན་པོས་གང་འདོད་གཏོར་པའི་གད་སྙིགས་དག་གཙང་མར་བཏུས་ཏེ་མགོ་མང་གྲོང་རྡལ་གད་སྙིགས་ར་བར་དྲུད་ནས་མེད་པར་བྱས། གཞན་ཡང་། མིག་སྔར་གྲོང་རྡལ་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཐད་དུ་བྲ་གསོད་བྱ་འགུལ་ཞིག་སྤེལ་གྱིན་ཡོད་སྟབས། ངེད་མཐུན་ཚོགས་ཀྱི་ཚོགས་མི་མང་པོ་ཡང་ཐེངས་འདིའི་སྐྱེ་ཁམས་སྲུང་སྐྱོང་བྱ་འགུལ་ཁྲོད་ཞུགས་ཡོད་པ་མ་ཟད། དེ་ལས་ཐོན་པའི་གད་སྙིགས་དག་རི་ལ་ལུང་མེད་མར་གཙང་མར་བཏུས་ནས་མགོ་མང་ས་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་རྣམ་པ་ཇེ་རྒྱས་ཇེ་ལེགས་སུ་གཏོང་པར་ནུས་པ་གང་ཡོད་འདོན་བཞིན་ཡོད།


ཚང་མས་མཉམ་དུ་གཙང་སྦྲ་བྱེད།

རྒན་དར་གཞོན་གསུམ་ཁོར་སྲུང་ལས་ལ་ཞུགས།

སྙིགས་སྐྱེལ་རླངས་འཁོར་ལ་སྒུག་བཞིན་པ།

ལམ་ཁར་གཏོར་བའི་གད་སྙིགས།

ཕྱོགས་སུ་བཏུས་པའི་གད་སྙིགས།

གད་སྙིགས་འབོ་བཞིན་པ།

བྲ་གསོད་བྱ་འགུལ།

ཁ་བའི་ཀློང་གི་གུང་ཟས།


འབྲེལ་ཡོད་འོས་སྦྱོར།