logo

མང་རྫོང་བྲག་དཀར་སྡེ་བས་ཁོར་སྲུང་བྱ་འགུལ་སྤེལ་ཏེ་མཛེས་སྡུག་གི་གྲོང་སྡེ་བསྐྲུན་པ།

རྩོམ་པ་པོ།:ཚེ་རིང་འབུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-05-12 ཀློག་གྲངས།:

མང་རྫོང་བྲག་དཀར་སྡེ་བའི་ཁོར་སྲུང་བྱ་འགུལ་སྤེལ་ནས་མཛེས་སྡུག་གི་གྲོང་སྡེ་བསྐྲུན་པ།
མང་རྫོང་བྲག་དཀར་སྡེ་བའི་ཁོར་སྲུང་བྱ་འགུལ་སྤེལ་ནས་མཛེས་སྡུག་གི་གྲོང་སྡེ་བསྐྲུན་པ།

     གསར་འགོད་པས་རྒྱུས་ལོན་པ་ལྟར་ན། བྲག་དཀར་སྡེ་མིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་དང་མཛེས་སྡུག་ལྡན་པའི་ཞིང་སྡེ་ཞིག་མཉམ་དུ་གསར་གཏོད་བྱེད་ཆེད། སྤྱི་ཟླ5བའི་ཚེས4ཉིན། བྲག་དཀར་སྡེ་བ་དཀྱིལ་སྙིང་དུ་བཟུང་ནས། ཁོར་སྲུང་བྱ་འགུལ་ལ་ཞུགས་ཏེ། མཛེས་སྡུག་གི་གྲོང་སྡེ་བསྐྲུན་པར་བྱ་ཞེས་པའི་རྩ་དོན་གཞིར་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་བྱ་འགུལ་སྤེལ། 
     ཉིན་དེའི་ཕྱི་དྲོར་ཚན་ཆུང་མི་སྣས་གང་སར་ཁྱབ་པའི་གད་སྙིགས་མང་པོ་བཏུས་ཏེ། ལྗོངས་རྒྱུ་ལྟ་སྐོར་བྱེད་སའི་ཡུལ་གྲུ་དེ་ལ་བདག་དམ་ཡག་པོ་བརྒྱབ་པས། མང་ཚོགས་ཀྱིས་རྒྱབ་སྐྱོར་དང་དགའ་བསུ་བྱེད།
     ཐེངས་འདིའི་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་བྱ་འགུལ་སྤེལ་ནས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་དྲིལ་བསྒྲགས་བྱས་ཏེ། མཉམ་དུ་མཚར་སྡུག་གི་ཞིང་གྲོང་འཛུགས་སྐྲུན་བྱེད་པར་ནུས་པ་བཏོན་པ་རེད།


འབྲེལ་ཡོད་འོས་སྦྱོར།