མང་རྫོང་གིས་རང་དགར་གྱིས་གང་སར་དར་ལྕོག་བཏེགས་ཡོད་པ་གཅིག་གྱུར་གྱིས་དག་ཐེར་བྱས་པ།
མང་རྫོང་གིས་རང་དགར་གྱིས་གང་སར་དར་ལྕོག་བཏེགས་ཡོད་པ་གཅིག་གྱུར་གྱིས་དག་ཐེར་བྱས་པ།
མང་རྫོང་གིས་རང་དགར་གྱིས་གང་སར་དར་ལྕོག་བཏེགས་ཡོད་པ་གཅིག་གྱུར་གྱིས་དག་ཐེར་བྱས་པ།
རྒྱུས་ལོན་པ་ལྟར་ན། ཉེ་ཆར། མང་རྫོང་གིས་རྫོང་མཁར་གྱི་མཐའ་འཁོར་དང་ཞང་གྲོང6གི་ཉེ་འགྲམ་གྱི་ལམ་བརྒྱུད་དང་། ལྕགས་དྲ། གཞུང་ལམ་ལམ་བརྒྱུད་དུ་གང་སར་དར་ལྕོག་བཏགས་ཏེ་ཁོར་ཡུག་ལ་གཏོར་བརླག་དང་ཆོས་ལུགས་རིག་གནས་ལ་རྡོག་བརྫིས་ཐེབས་པ་སོགས་སྤྱི་ཚོགས་སྣང་བརྙན་མི་ལེགས་པ་སེལ་པར་དམིགས་ནས། རྫོང་ཆོས་ལུགས་ཅུའུ་ཡིས་ཆེད་དུ་མི་སྣ་རྩ་འཛུགས་བྱས་ཏེ་རྫོང་མཁར་མཐའ་འཁོར་དང་མདོར་རྩེ་ཁོག རི་ཆུང་ཉག་ག བྱེ་སྣ། བརྙན་འཕྲིན་འཁོར་སྟེགས་བཅས་ལམ་བརྒྱུད་ཀྱི་དར་ལྕོག་གཅིག་བསྡུས་སྒོས་དག་ཐེར་བྱ་འགུལ་སྤེལ་བ་རེད།
བྱ་འགུལ་འདི2015ལོའི་ཟླ11པ་ནས་མགོ་བརྩམས་པ་ཡིན་ལ། རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་དང་། ཆོས་ལུགས་མི་སྣ། གཞི་རིམ་མང་ཚོགས་བཅས་ཀྱིས་གོང་འོག་བར་གསུམ་ཏུ་འབྲེལ་མཐུད་བཟང་བོ་དང་ཧུར་ཐག་འབད་འབུངས་བྱས་མཐར། 2016ལོའི་ཟླ3པའི་ཚེས27ཉིན་བར་དུ། རྫོང་ཆོས་ལུགས་ཅུའུ་ཡིས་ཆེད་དུ་བླ་སྤྲུལ་དང་དགེ་བཤེས་དམ་པ་གདན་ཞུ་བྱས་ཏེ། དར་ལྕོག་འདོགས་སའི་ཡུལ་དངོས་སུ་སོང་ནས། སྔར་འཐེན་པའི་ཚང་ཚིང་གི་དར་ལྕོག་དང་དར་ལྕོག་གི་སྙིགས་རོ་སོགས་ཆོས་ལུགས་ཀྱི་ཆོ་ག་ལྟར་ཐག་གཅོད་བཟང་བོ་བྱས་པ་རེད།
ཐེངས་འདིའི་བྱ་འགུལ་བརྒྱུད། མང་རྫོང་གི་རིགས་སོ་སོར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱས་ནས་མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་དོ་མཉམ་ཡོང་བའི་འདུ་ཤེས་ཟབ་མོ་ཆགས་པ་དང་། རྗེས་མར་རི་ཞིག་མཐོང་ཚེ་དར་ཤིང་འཛུགས་པ་དང་། སྡོང་བོ་ཞིག་ཡོད་ན་དར་ལྕོག་འཐེན་པ། ཉག་ག་ཞིག་མཐོང་ཚེ་དར་རྡང་བཅའ་བའི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱས་ནས། གཏན་འཁེལ་གྱི་ས་གནས་དང་ཆོས་ལུགས་རིག་གནས་ཀྱི་སྒྲིག་སྲོལ་ལྟར་དར་ལྕོག་གང་སར་འདོགས་པ་གཏན་འགོག་དང་དར་ལྕོག་འདོགས་པའི་བྱ་བ་སྔར་ལས་ཚད་ལྡན་དུ་བཏང་བ་རེད།