པདྨ་རི་མཐོའི་ཁོར་སྲུང་བས་ཁོར་ཡུག་གཙང་སྦྲ་བྱས་པ།
པདྨ་རི་མཐོའི་ཁོར་སྲུང་བས་ཁོར་ཡུག་གཙང་སྦྲ་བྱས་པ།
པདྨ་རི་མཐོའི་ཁོར་སྲུང་བས་ཁོར་ཡུག་གཙང་སྦྲ་བྱས་པ།
སྤྱི་ཟླ5བའི་ཚེས26ཉིན་དང་ཧོར་ཟླ4བའི་ཚེ8ཉིན། པདྨ་རི་མཐོའི་ཁོར་སྲུང་བ་ཚང་མས་ཁོར་ཡུག་ལ་གཙང་སྦྲ་བྱས་པ་ཡིན། ཟླ་འདིའི་ཚེས15ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཡིན་པར་འདོད་ལ། ཟླ་བ་འདིའི་ནང་དུ་ཆོས་སྤྱོད་ཀྱི་བྱ་བའང་ཤིན་ཏུ་མང་བས། པདྨ་རི་མཐོ་རི་སྐྱེས་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་གཙོས་བླ་གྲྭ་ཡོངས་ཀྱིས་གཙང་བོ་གསུམ་གྱི་འབྱུང་ཁུངས་ཏེ། གནས་མཆོག་པདྨ་རི་མཐོའི་ཉེ་འགྲམ་རྨ་ཀློང་དད་འབབ་རིང་མོའི་འགྲམ་རྒྱུད་རྨ་འགག་དང་བོའི་མགོ་ཁུངས་ནས་རྨ་ཆུའི་འགྲམ་གྱི་གད་སྙིགས་དང་གྲམ་རྡོའི་ནང་དུ་ཡོད་པའི་གད་སྙིགས་རིགས། ཟི་ཚར་ཆད་པོ། ལྷམ་ཆད། རས་ཆད། གོན་པ་རྙིང་བ་སོགས། མདོར་ན་གད་སྙིགས་ཡོད་ཆད་གཙང་སྦྲ་བྱས་ཏེ་དྭངས་གཙང་བྱས་ཡོད།
ང་ཚོ་སུ་དང་སུ་ཡིན་རུང་ཆུ་དྭངས་མོ་དང་ཟས་གཙང་མ་བཟའ་རྒྱུ་ནི་སེམས་འདུན་གྱི་རེ་བ་ཉག་ཅིག་ཡིན། འོན་ཀྱང་གད་སྙིགས་དང་འབག་བཙོག་གིས་མ་བསླད་པའི་ཟས་རིགས་དང་བཏུང་ཆུ་རྙེད་རྒྱུ་མེད་པ་དེ་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད། དེ་ནི་ང་ཚོའི་སེམས་ནང་གི་འདུ་ཤེས་ལ་ཐུགས་ཡོད་པས། ཐོག་མར་གཙང་སྦྲ་བྱེད་པའི་འདུ་ཤེས་མཐོར་འདེགས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོར་མཐོང་ལ། རང་ཉིད་ནས་མགོ་བརྩམས་ཏེ་ཁོར་ཡུག་གཙང་སྦྲའི་འདུ་ཤེས་ཆགས་པར་བྱས་ནས་འབད་བརྩོན་བྱ་ནུས་ན། ད་གཟོད་འུ་ཅག་གི་མ་འོངས་པའི་གཞིས་ཁྱིམ་འདི་ལ་རེ་བ་ཆེན་པོ་ཡོད་པར་ངེས་སོ།།