logo

བྱ་དེ་ཕོ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-23 ཀློག་གྲངས།:

དེ་ཕོ།

དེ་ཕོ།
རྒྱ་སྐད་དུ། 雉鸡   ཕྱི་སྐད་དུ། Common Pheasant

གཟུགས་གཞིའི་ཁྱད་ཆོས།
     དེ་ཕོའི་གཟུགས་གཞིའི་རིང་ཚད་ལ་ལི་སྨིས60ནས་ལིས་སྨིས80ཡོད། མཆུ་ཏོ་ཟླུམ་ཞིང་ཐུང་ལ་སྲ་མོ་ཞིག་ཡིན། སུག་སྡེར་བཀན་མོ་ཡིན་པས་བརྒྱུགས་ན་ཧ་ཅང་མགྱོགས།  ཕོ་བྱའི་མིག་མཐའ་དང་ངོ་གདོང་ལ་སྒྲོ་སྤུ་སྐྱེས་མེད་པར་དམར་རྗེན་དང་ཁ་དོག་གློ་དཀར་ཡིན། སྐེ་མཇིང་གི་སྒྲོ་སྤུའི་ཁ་དོག་སྨུག་ལྗང་ཡིན་པ་དང་། སྒྲོ་སྤུ་སྨུག་ལྗང་ཡིན་པའི་སྐེ་སྐོར་དུ་དཀར་ཐིག་གསལ་བོ་དཀྲི་གཅིག་ཡོད། རྔ་སྒྲོ་ཧ་ཅང་རིང་། མོ་བྱ་ཕོ་བྱ་ལས་ཅུང་ཆུང་། མོ་བྱའི་སྒྲོ་མདངས་དང་སྐྱེས་གཟུགས་ཕོ་བྱར་མི་དོ་བར་རག་རག་ཅིག་ཡིན་ལ། སྐེ་སྐོར་ན་དཀར་ཐིག་མེད་ཅིང་རྔ་མའང་ཟླུམ་ཟླུམ་ཞིག་ཡིན།
ཁྱབ་ཡུལ།
        རང་རྒྱལ་དུ་རིགས་རྒྱུད་མི་གཅིག་པའི་དེ་ཕོའི་རིགས19ཡོད། མདོ་དབུས་མཐོ་སྒང་གི་དེ་ཕོའི་རིགས་ནི་རང་རྒྱལ་གྱི་ས་ཆ་གཞན་དག་ནའང་ཡོད།
འཚོ་བའི་གོམས་གཤིས་དང་འཚོ་གནས་ཁོར་ཡུག
         དེ་ཕོ་ནི་མཚོ་ངོས་ལས་སྨིས2500དང་སྨིས3800ཡི་བར་གྱི་ནགས་རྫུབས་དང་། ནགས་འདབས་ཀྱི་རྩྭ་གསེང་། མཚེའུ་འགྲམ། ལུང་ཁོག་གི་གྲམ་ཐང་བཅས་ན་འཚོ་སྡོད་བྱས་ཡོད། དེ་ཕོ་ནི3རེ་དང་5རེ་བྱས་ནས་རྒུམ་བུ་འཐུ་བཞིན་ཡོད་པ་དང་།  དེ་ཕོ་བརྒྱུགས་ན་མགྱོགས་ཤིང་མིར་དེ་འདྲ་མི་སྐྲག་པ་ཡིན། སྔ་དྲོ་དང་མུན་རུབ་ཁར་རྒུམ་བུ་འཐུ་བར་བྲེལ་འདུག  ཁ་ཟས་སུ་རྩི་ཤིང་གི་རྩད་པ་དང་གཞུང་རྟ། སྣེ་ལོ། འབྲུ་གུ་སོགས་ཟ་བར་མ་ཟད། འབུ་དང་རྨིགས་པ་སོགས་ཀྱང་ཟ་བ་ཡིན། ཟླ4བ་ནས་ཟླ7པའི་བར་ནི་དེ་ཕོའི་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཡིན། དེ་ཕོའི་བྱ་ཚང་ནི་ཤིང་ཕྲན་གྱི་རྫུབས་གསེང་དང་རྩྭ་རྫུབས་ཀྱི་རྫུབས་གསེང་སོགས་ན་བཅོས་ཡོད། རུམ་ཐེངས་རེར་སྒོ་ང6ནས་སྒོ་ང12རུམ་པ་དང་། སྒོ་ངའི་ཁ་དོག་ལྗང་སེར་ཡིན།
སྲུང་སྐྱོབ་བྱེད་པའི་དོན་སྙིང་།
           དེ་ཕོ་ནི་འདབ་ཆགས་འཕེལ་སྟོབས་ཅན་ཞིག་ཡིན་པས། དེ་ཤ་ཞིམ་ཞིང་དེ་སྒྲོ་མིག་ལ་མཛེས་པས་བཟོ་རིག་མཛེས་ཆས་སུ་བཀོལ་ཆོག དེ་ཕོ་ནི་གསོ་ཁ་སླ་ཞིང་སྒྲོ་མདངས་ཡག་པར་བརྟེན་མིག་གི་སྤྱོད་ཡུལ་དུ་བསྒྱུར་ཆོག་པའི་འདབ་ཆགས་ཤིག་ཡིན།
ད་ཡོད་གནས་བབ།
      དེ་ཕོ་རྔོན་དྲགས་པ་དང་དེ་ཕོའི་འཚོ་གནས་ཁོར་ཡུག་ལ་གཏོར་བརླག་དྲགས་པར་བརྟེན། རི་སྐྱེས་དེ་ཕོའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་ཡོད་པར་མ་ཟད། མདོ་དབུས་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་ཆེ་བའི་དབང་གིས་དེ་ཕོའི་ཁྱབ་རྒྱ་དང་དེ་ཕོའི་འཕེལ་གྲངས་ལ་གེགས་རྐྱེན་བཟོས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།