logo

ཡུལ་ཤུལ་སྦྱིན་པ་ཚོགས་པས་རྫ་སྟོད་རྫོང་གི་སྡོད་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས།

རྩོམ་པ་པོ།:འབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-12 ཀློག་གྲངས།:

ཡུལ་ཤུལ་སྦྱིན་པ་ཚོགས་པས་རྫ་སྟོད་རྫོང་གི་སྡོད་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས།
ཡུལ་ཤུལ་སྦྱིན་པ་ཚོགས་པས་རྫ་སྟོད་རྫོང་གི་སྡོད་ཁུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས་པ།

     བེ་ཡང་རྫ་སྟོད་རྫོང་སྲིད་གཞུང་གིས་བཀའ་མངགས་ལྟར།  ཡུལ་ཤུལ་ཁུལ་སྦྱིན་པ་ཚོགས་པའི་ཚོགས་གཞོན་རྒན་ཕུར་བུ་དང་། ཉི་མ་རྒྱལ་མཚན་གཉིས་སྤྱི་ཟླ5བའི་ཚེས2ནས་རྫ་སྟོད་རྫོང་ཐོག་ཏུ་སོང་། ཟླ5བའི་ཚེས3ཉིན་དེ་སྔོན་སྦྱིན་པ་ཚོགས་པས་གསོ་སྐྱོང་ཟིན་པའི་གཞི་རིམ་མ་བུ་བདེ་སྲུང་སློབ་མ་འགའ་ཤས་བསྡུ་རུབ་བྱས་ཏེ་ཤེས་བྱ་དྲིལ་སྒྲོག་སྐོར་ནས་སྦྱོང་བརྡར་བྱས།
     ཚེས5ཉིན་གྱི་སྔ་དྲོར་རྫོང་དཔོན་ཚེ་རིང་དོན་འགྲུབ་དང་ཁ་བརྡ་ཅུང་བྱས་ཤིང་། ཁོང་གིས་ལྷག་བསམ་རྣམ་དག་གིས་རྫ་སྟོད་རྫོང་གི་གད་སྙིགས་ཉུང་འཕྲི་བྱ་བའི་བྱ་འགུལ་བརྒྱུད་གད་སྙིགས་གཙང་སེལ་དང་དབྱེ་འབྱེད། དོ་དམ་སོགས་ཀྱི་སྐོར་ནས་བཀའ་སློབ་གནང་ཞིང་རྒྱུན་བསྲིང་རང་བཞིན་ཅན་གྱི་འཆར་གཞི་སོགས་གསལ་པོ་གསུངས་སོང་། ཁོང་གིས་གསུང་རྒྱུར། ཁྱིམ་གཞི་གཙང་མ། གྲོང་སྡེ་གཙང་མ། ཁོར་ཡུག་གཙང་མ་བཅས་གཙང་གསུམ་ཡིད་འོང་གི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་སྐྲུན་ཆེད། མི་རང་སོ་སོས་རང་འགན་རང་ཁུར་གྱིས་འགྱིག་རིགས་ཉུང་སྤྱོད་དང་བསྐྱར་སྤྱོད། བསྐྱར་བཟོ་བཅས་གད་སྙིགས་གཙང་སེལ་དང་དོ་དམ།  དབྱེ་འབྱེད་སོགས་དོན་དམ་པའི་ཁོར་ཡུག་བདེ་ཐང་དང་གཙང་སྦྲ་ཡོང་ཐབས་ལ་མི་ཚང་མས་འགན་ནན་མོར་ཁུར་ཏེ། ཁྱིམ་ཚང་སོ་སོས་གད་སྙིགས་དབྱེ་འབྱེད་དང་ཉུང་འཕྲི། གཙང་སེལ་སོགས་བྱེད་མགོ་བརྩམས་དགོས་ལུགས་སྐོར་ནས་གསུང་བཤད་མང་དུ་གནང་།


ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་པའི་ཡུལ་དངོས།

     ཟླ5བའི་ཚེས4ནས་ཚེས7བར་གྱི་ཉིན་ཞགས་བཞི་ཡི་རིང་ལ་རྫ་སྟོད་རྫོང་ཐོག་ཏུ་གནས་སྡོད་གཞིས་ཁུལ་གཉིས་ལ་གད་སྙིགས་ཉུང་འཕྲི་དང་དབྱེ་འབྱེད། གཙང་སེལ་དང་དོ་དམ། མི་ལུས་བདེ་ཐང་དང་འཕྲོད་བསྟེན་སྐོར་ནས་སློབ་གསོ་གང་ཐུབ་སྤེལ། སྡོད་ཁུལ་རེ་ལ་ཉིན་གཉིས་རེར་སློབ་གསོ་བཏང་པས་ཕན་ཐོག་ཅུང་བྱུང་ཡོད་པར་སྙམ། སྤྱིར་བཤད་ན། ད་ཐེངས་ཀྱི་སློབ་གསོའི་བྱ་འགུལ་འདི་རྫ་སྟོད་རྫོང་སྲིད་གཞུང་གིས་ཐད་ཀར་བཀོད་སྒྲིག་བྱས་ཏེ་སྦྱིན་པ་ཚོགས་པར་བཀའ་མངགས་ཏེ་སྡོད་དམངས་ཁག་གཉིས་ལ་སློབ་གསོ་སྤེལ་དུ་བཅུག
     ཉིན་ཧྲིལ་བོ4ཡི་རིང་ལ་མ་ཤེས་ཤེས་མདོག་གིས་སློབ་གསོ༼གཏམ་བཤད༽སྤེལ་བས་མང་ཚོགས་ཀྱིས་ཡི་རངས་དང་སྤྲོ་སེམས་ཆེན་པོའི་ངང་བྱ་འགུལ་འདིར་ཞུགས་ཤིང་དྲི་བ་འདོན་པ་དང་། བསམ་ཚུལ་བརྗོད་པ། བསྟོད་བསྔགས་བྱེད་པ་སོགས་སློབ་ཁྲིད་དམ་སློབ་གསོ་ནན་ནན་ཏིག་ཏིག་གིས་སྤེལ། སློབ་གསོ་སྤེལ་རྗེས་སུ། རྒྱུན་མཁོ་ཤེས་བྱའི་དཔེ་དེབ་དང་དྲིལ་སྒྲོག་ཡིག་ཆ་སོགས་མཁོ་སྤྲོད་བྱས།

     ད་ཐེངས་ཆེད་དུ་དུས་ཚོད་སྤྱད་དེ་འབྲོག་སའི་རྩྭ་ངོ་སྤྲོད་དང་དེའི་སྐོར་གྱི་དྲིལ་སྒྲོག་ཡི་གེ་འགྲེམ་སྤེལ་བྱས་ཏེ། རྩྭ་ས་སྲུང་སྐྱོབ་དང་ཆུ་མགོ་སྲུང་སྐྱོབ། ནགས་ཚུལ་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་གཅེས་སྐྱོང་སྐོར་ནས་གཏམ་བཤད་སྤེལ་བས་ཀུན་གྱིས་ཡི་རངས་བྱས།
     ཉི་མ་རྒྱལ་མཚན་དང་སྦྱིན་པའི་ཚོགས་གཞོན་ཕུར་བུ། མ་བུ་བདེ་སྲུང་བུ་མོ་དྲུག་ནས་བཅུ་ཡིས་ཉིན་དྲུག་གི་རིང་ལ་ཧུར་བརྩོན་ཆེན་པོས་སློབ་གསོ་སྤེལ་ཞིང་དྲིལ་སྒྲོག་བྱས་པས་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཆེན་པོ་བྱུང་།


འབྲེལ་ཡོད་འོས་སྦྱོར།