འབྲོག་སའི་རྩྭ་སྐབས་གཉིས་པའི་མ་དངུལ་ཆུང་བའི་ལས་གཞི།
2014ལོའི་ཟླ9བར། འབྲོག་སའི་རྩྭ་དང་ཡུལ་ཤུལ་སྤྱིན་པ་ཚོགས་པ་གཉིས་ཀྱིས་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ས་གནས་ཚོགས་པའི་ཚབ་བྱེད་པ20ལྷག་ཟི་ལིང་དུ་གདན་དྲངས་ནས་འབྲོག་སའི་རྩྭ་སྐབས་གཉིས་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་མ་དངུལ་ཆུང་བའི་དཔེ་སྟོན་ལས་གཞི་རེ་ཞུ་བསྡུ་ལེན་སྐོར་གྱི་མཚམས་སྦྱོར་གནང་།
ཚབ་བྱེད་པ་རྣམས་ཕྱིར་ལོག་རྗེས་ས་གནས་ཀྱི་དགོས་མཁོ་ལྟར་ལས་གཞིའི་རེ་ཞུ་བྲིས་ཏེ་ཁྱོན་བསྡོམས་ཀྱི་རེ་ཞུ་ཡི་གེ15འབྱོར། འོན་ཀྱང་མ་དངུལ་གྱི་བཀག་རྒྱའི་དབང་གིས་ལས་གཞི་ངེས་ཅན་འགའ་འདེམ་བསྐོ་བྱེད་དགོས་བྱུང་། འདྲ་མཉམ་དང་དྲང་བདེན་ཡོང་ཆེད་འདེམ་བསྐོའི་བྱ་བ་རིམ་པ་གསུམ་བྱས་ནས་མཇུག་མཐར་དཔེ་སྟོན་ལས་གཞིའི་ཁ་ཕྱོགས་དང་མ་དངུལ་ཚད་ཐིག་སོགས་ཀྱི་ཆ་རྐྱེན་དང་འཚམ་པའི་ལས་གཞི7ངོས་ལེན་བྱས་པ་ཡིན། འདིར་རེ་ཞུ་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ད་ལོའི་མ་དངུལ་ཐོབ་མཁན་གྱི་ཚོགས་པ་ཡོངས་ལ་རྟེན་འབྲེལ་ཞུ་པ་ཡིན།
ཚོགས་པ་དང་ཚོགས་པའི་ལས་གཞི་ནང་དོན་རགས་བསྡུས།
འབྲོག་སའི་རྩྭ་ལས་གཞིའི་དུས་ཡུན་ནི་ལོ་གཅིག་སྟེ་འབྲོག་སའི་རྩྭ་སྤྱི་སྟེགས་ཀྱིས་མུ་མཐུད་དུ་ཚོགས་པའི་ལས་གཞིའི་རྒྱུད་རིམ་དུས་ལྟར་འདིར་སྤེལ་རྒྱུ་ཡིན་ཞིང་། ཚང་མས་རྒྱབ་སྐྱོར་གནང་པ་ཐུགས་རྗེ་ཆེ། འདིར་ཡང་བསྐྱར་འབྲོག་སའི་རྩྭ་སྐབས་གཉིས་པའི་མ་དངུལ་ཐོབ་མཁན་གྱི་ཚོགས་པ་ཡོངས་ལ་བཀའ་དྲིན་ཞུ་བ་དང་། ཚོགས་པ་དང་ཚོགས་མི་ཡོངས་ཀྱི་བྱ་བ་ཐམས་ཅད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ནོ།།