logo

འཛམ་གླིང་ཁོར་ཡུག་གི་ཉིན་མོའི་དྲན་གསོ།

རྩོམ་པ་པོ།:ཟུར་མང་ཕ་ཁྱིམ་གཅེས་ཚོགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-05 ཀློག་གྲངས།:

ཟུར་མང་ཕ་ཁྱིམ་གཅེས་ཚོགས།

      ཆོས་རྣམས་རྒྱུ་རྐྱེན་རྟེན་འབྲེལ་དང་བསྟོས་གྲུབ་ཀྱི་ངང་དུ་ཡོད་པས་མི་གཙོས་པའི་སྐྱེ་འགྲོ་གྲངས་མེད་པ་ནི་སའི་གོ་ལའི་ཁྱིམ་ཚང་འདི་རུ་འཚོ་བཞིན་ཡོད། གལ་སྲིད་སའི་གོ་ལ་འདི་ལ་འཇིག་ཉེན་བྱུང་ན་མི་དང་སྐྱེ་འགྲོ་ཡོངས་ལ་འཕོ་འགྱུར་ཆེན་པོ་འབྱུང་ངེས། དེའི་ཕྱིར་སྔོན་ནས་མི་སྒེར་གྱིས་ཁོར་ཡུག་སྲུང་སྐྱོབ་གླེང་ཞིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཚོགས་པ་ཁག་གིས་ཁོར་ཡུག་ཐད་ཀྱི་བསྒྲགས་གཏམ་སྤེལ་བ་ནས་བཟུང་འཛམ་གླིང་གང་སར་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་མིང་བརྡ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏེ་དོན་གྱི་ལག་ལེན་བསྟར་མཁན་ཇེ་མང་དུ་སོང་།
      དེ་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་བ་6པའི་ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་གི་ཉིན་མོ་ཞེས་པ་གཏན་ཁེལ་བྱས་ནས། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་ཡོངས་ཀྱིས་དུས་ལྟར་རྗེས་དྲན་བྱེད་པ་དང་། འཛམ་གླིང་ཁོར་ཡུག་གི་གནས་བབ། མིའི་རིགས་ཀྱིས་ཁོར་ཡུག་ལ་བཟོས་པའི་གནོད་སྐྱོན་ཕྲ་རགས་ཀུན་ལ་བསམ་གཞིག་བྱས་ཏེ། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། ཁོར་ཡུག་ལ་སྔ་ན་མེད་པའི་དཔལ་ཡོན་གྱི་ཆེད་དུ་དྲན་སྐུལ་ནན་མོ་བྱེད་བཞིན་གནས།
      དེ་བཞིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་ཟུར་མང་ཕ་ཁྱིམ་གཅེས་ཚོགས་ཀྱིས་འུ་ཚོ་ཐུན་མོང་གི་བདེ་སྐྱིད་ཀྱི་ཆེད་དུ2014ལོའི་ཟུར་མང་ཡུལ་གྱི་ཁོར་སྲུང་གི་བརྗོད་བྱའི་གཙོ་བོ་ལྗང་མདོག་གི་བློ་འབྱེད་གཏན་ཁེལ་བྱས། ཁྱད་པར་དུ་ཟླ་བ6པའི་ཚེས5སྟེ་འཛམ་གླིང་ཁོར་ཡུག་གི་ཉིན་མོ་འདི་དྲན་གསོ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་འབད་བརྩོན་དང་། འབོད་སྐུལ་ནན་གྱིས་ཞུ་བཞིན་ཡོད།
      མདོར་ན་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཚེ་སྲོག་དང་། མ་འོངས་པའི་ཆེད་དུ་ཡིན་པ་མ་ཟད་འཛམ་གླིང་གི་དམིགས་འབེན་ཆེན་པོ་ཞིག་ཀྱང་ཡིན།


འབྲེལ་ཡོད་འོས་སྦྱོར།