བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་མང་དུ་འཕེལ་བ།
བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་མང་དུ་འཕེལ་བ།
རྒྱུས་ལོན་བྱུང་བ་ལྟར་ན་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་གཙོད་ཀྱི་གྲངས་ཀ་དེ་སྲུང་སྐྱོབ་ས་ཁུལ་འཛུགས་དུས་ཀྱི་ཁྲི8ཡས་མས་ནས་ད་ལྟའི་ཁྲི15རུ་འཕེལ་བ་དང་། འབྲོང་གི་གྲངས་ཀ་དེ་སྔོན་མའི་ཁྲི2ནས་ད་ལྟའི་ཁྲི4རུ་འཕེལ། རྐྱང་གི་གྲངས་ཀ་དེ་སྔོན་མའི་ཁྲི5ནས་ད་ལྟའི་ཁྲི9རུ་འཕེལ། དེ་ལས་གཞན་གསའ་དང་། གཉན། གནའ་བ་སོགས་ཀྱི་གྲངས་ཀའང་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་པ་རེད།
ལོ་ངོ20རིང་གི་དོ་དམ་དང་སྲུང་སྐྱོབ་བྱས་པར་བརྒྱུད་ནས། འཛམ་གླིང་སྟེང་ཆེས་ཆེ་བའི་སྐམ་སའི་སྐྱེ་ཁམས་མ་ལག་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པར་མ་ཟད། འཛམ་གླིང་སྟེང་ཆ་སྙོམས་ཀྱི་ས་བབ་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོབ་ཁུལ་ཏེ་བོད་ལྗོངས་བྱང་ཐང་སྲུང་སྐྱོབ་ས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མང་དུ་འཕེལ་ཞིང་། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་བརླན་ས་སོགས་གདོད་མའི་རང་བྱུང་གི་རྣམ་པ་ལྟར་སྲུང་འཛིན་བྱས་ཡོད་པ་རེད།