བོད་ལྗོངས་ཆབ་མདོར་རང་བྱུང་སྲུང་སྐྱོབ་ཁུལ38ལ་བསླེབས་པ།
སྨར་ཁམས་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྲེའུ་སྤུ་སེར།
ཉེ་བའི་ལོ་ནང་བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་ནགས་ལས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཛུགས་སྐྲུན་བྱ་བར་མུ་མཐུད་དུ་ཤུགས་བསྣན་པས་སྲུང་སྐྱོབ་ཁུལ་གྱི་གྲངས་ཚད་མང་དུ་ཕྱིན་པ་སྟེ། མིག་སྔའི་བར་ཆབ་མདོ་ས་ཁུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ38ཡོད་ཅིང་། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས697007ཡོད་པ་དང་། ཆབ་མདོའི་རྒྱལ་དབང་ས་ཁོངས་ཀྱི་རྒྱ་ཁྱོན་གྱི6.3%ཟིན་ཡོད་པ་རེད།
རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་ཆབ་མདོ་ས་ཁུལ་དུ་རང་བྱུང་སྲུང་སྐྱོབ་ཁུལ་བསྡོམས་པས38ཡོད་ཅིང་། དེའི་ཁྲོད་སྨར་ཁམས་ཀྱི་སྤྲེའུ་སྤུ་སེར་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་རི་བོ་ཆེའི་ཤྭ་བའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡོད་པ་རེད། ཆབ་མདོ་ས་ཁུལ་གྱིས་སྲུང་སྐྱོབ་ལེགས་པོ་བྱས་པར་བརྒྱུད་ནས་སྤྲེའུ་སྤུ་སེར་གྱི་གྲངས་ཚད དེ་སྔོན་མའི50ལྷག་ནས་མིག་སྔའི700ལྷག་ལ་འཕེལ་ཞིང་། ལོ་ངོ20ལྷག་འགོར་བའི་སྨར་ཁམས་རང་བྱུང་སྲུང་སྐྱོབ་ཁུལ་དེ་ད་ལྟ་སྤྲེའུ་སྤུ་སེར་འཚོ་གནས་བྱེད་སའི་དགའ་ཚལ་ཞིག་ཏུ་གྱུར་འདུག