logo

འདབ་ཆགས་ཁག་ཅིག་གི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:སྦྲ་ནག་གཡང་ཁྱིམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-04 ཀློག་གྲངས།:


འུག་རྒན།

  དང་པོ། ལུས་ཀྱི་ཁྱད་ཆོས།
  འུག་རྒན་ནི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་རྨིད 69ཙམ་ཡོད་པའི་ལུས་ཚད་ཆེ་རིམ་པའི་བྱ་རིགས་ཤིག་ཡིན། མིག་མཐའི་སྐྱི་མོ་ངུར་སེར། རྭ་མཆུ་ཏོ་ནི་སྐྱ་བོ།  རྐང་བ་སེར་བོ་བཅས་ཡིན།
  གཉིས་པ། འཚོ་སྡོད་ཀྱི་ཁྱབ་ཁོངས།
  བོད་ལྗོངས་ཀྱི་ལྷ་སའི་ཤར་ཕྱོགས་དང་ཀན་སུའུ་ལྷོ་ཕྱོགས།  མཚོ་སྔོན་གྱི་ལྷོ་ཕྱོགས་དང་སི་ཁྲོན་གྱི་ནུབ་ཕྱོགས་སོགས་ཀྱི་ས་ཁུལ་མང་ཤས་ན་ཡོད།
  གསུམ་པ། འཚོ་སྡོད་ཀྱི་གནས་ཚུལ།
  རྣ་ཚར་རིང་བ་དང་མིག་མདངས་སེར་བོ། གཤོག་སྒྲོ་ཁམ་ཁྲ་དང་བྲང་གཞོང་སེར་བོ་སོགས་ཀྱི་ཁྱད་ཆོས་ལྡན།
  བཞི་པ། ཐུན་མིན་གྱི་གོམས་སྲོལ།
  མཚན་མོར་འཕུར་བསྐྱོད་བྱེད་པའི་རྐྱེན་གྱིས་ཉིན་མོར་མཐོང་དཀའ་བའི་བྱ་རིགས་ཤིག་ཡིན།
  མཆན།  འུག་རྒན་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་གྱི་འདབ་ཆགས་ཤིག་ཡིན།


ཕུག་རོན།

  དང་པོ། ལུས་ཀྱི་ཁྱད་ཆོས།
  ཕུག་རོན་ནི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་རྨིད31ཙམ་ཡོད་པའི་ལུས་ཚད་འབྲིང་རིམ་པའི་འདབ་ཆགས་ཤིག་ཡིན་ལ།  མིག་མཐའི་སྐྱི་མོ་སེར་པོ་དང་རྭ་མཆུ་སྐྱ་བོ།  རྐང་བ་དམར་སྐྱ་ཡིན་པ། ལྟོ་བ་དང་རྒྱབ་མདོག་ཅུང་སྔོ་སྐྱ།   རྔ་སྒྲོའི་ནང་དུ་དཀར་ཐིག་ཞིག་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན།
  གཉིས་པ། འཚོ་སྡོད་ཀྱི་ཁྱབ་ཁོངས།
  ཧི་མ་ལ་ཡའི་རི་རྒྱུད་སོགས་མཚོ་ངོས་ལས་མཐོ་ཚད་རྨིད6000 ཟིན་པའི་ས་ཆ་རུ་ཡོད།
  གསུམ་པ། འཚོ་སྡོད་ཀྱི་གནས་ཚུལ།
  རི་སྒང་སོགས་སུ་ཁྱུ་ཚོགས་བྱས་ནས་བསྡད་ཡོད།
  མཆན།  ཕུག་རོན་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་གྱི་འདབ་ཆགས་ཡིན།


ཀྲུ་ཀྲུ་སྟག་སྐེ།

  དང་པོ། ལུས་ཀྱི་ཁྱད་ཆོས།
  ཀྲུ་ཀྲུ་སྟག་སྐེ་ནི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་རྨིད32 ཙམ་ཡོད་པའི་ལུས་ཚད་འབྲིང་རིམ་པའི་བྱ་རིགས་ཤིག་ཡིན།  མིག་མཐའི་སྐྱི་མོ་སེར་བོ་དང་རྭ་མཆུ་ནི་སྐྱ་བོ།  རྐང་བ་གློ་དམར། སྐེ་དཀར་ཁྲ་དང་ལུས་ཕུང་སྨུག་སྐྱ་བཅས་ཀྱི་ཁྱད་ཆོས་ལྡན།
  གཉིས་པ། འཚོ་སྡོད་ཀྱི་ཁྱབ་ཁོངས།
  ཧི་མ་ལ་ཡའི་རི་རྒྱུད། བོད་ཡུལ་གྱི་ས་གནས་ཁ་ཤས་དང་མགོ་ལོག་རྨ་ཆེན་རྫོང་གི་ར་རྒྱ་ན་ཡོད།
  གསུམ་པ། འཚོ་སྡོད་ཀྱི་གནས་ཚུལ།
  ཞིང་སྡེ་དང་དགོན་སྡེའི་མཐའ་འཁོར་དུ་ཆ་རེ་བྱས་ནས་འཚོ་སྡོད་བྱས་ཡོད།
  མཆན།  ཀྲུ་ཀྲུ་སྟག་སྐེ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་གྱི་འདབ་ཆགས་ཡིན།


འོལ་བ།

  དང་པོ། ལུས་ཀྱི་ཁྱད་ཆོས།
  འོལ་བ་ནི་ལུས་ཀྱི་བྱད་སྣའི་རིང་ཚད་ལ་ལི་རྨིད65ཙམ་ཡོད་པའི་ལུས་ཚད་ཆེ་རིམ་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་ཞིང་། མིག་མཐའི་སྐྱི་མོ་ཁམ་ནག་དང་རྭ་མཆུ་ཐལ་མདོག རྐང་བ་སྐྱ་བོ་ཡིན་པ།  རྣ་སྒྲོ་ནི་ནག་པོ་དང་ལུས་པོ་ཅུང་ཆེ་བ།  གཤོག་སྒྲོའི་སྟེང་དུ་དཀར་ཐིག་ཅུང་ཙམ་མཆིས་པ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན་ནོ། །
  གཉིས་པ། འཚོ་སྡོད་ཀྱི་ཁྱབ་ཁོངས།
  མདོ་དབུས་མཐོ་སྒང་གི་མཚོ་ངོས་ལས་མཐོ་ཚད་རྨིད5000ཙམ་གྱི་ས་ཆ་རུ་ཡོད།
  གསུམ་པ།  ཐུན་མིན་གྱི་གོམས་སྲོལ།
  གྲོང་གསེབ་དང་ཞིང་ཁ། ཆུ་འགྲམ་སོགས་སུ་ཡོད།
  མཆན། འོལ་བ་ནི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་ཡུལ་གྱི་འདབ་ཆགས་ཤིག་ཡིན།


འབྲེལ་ཡོད་འོས་སྦྱོར།