logo

མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་ཟླ6པ་ནས་ཟླ9བར་སྤེལ་ངེས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-27 ཀློག་གྲངས།:

མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྤེལ་འཆར་ཡོད་པ།
མཚོ་མཆོད།

 ཟླ6པའི་ཚེས20ཉིན་ནས་ཟླ9བའི་ཚེས20ཉིན་བར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“སྐྱེ་ཁམས་རྐང་ཚ་དང་འཆམ་མཐུན་འཕེལ་རྒྱས”བརྗོད་དོན་དུ་བཟུང་བའི་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པ་སྤེལ་རྒྱུ་ཡིན་པ་རེད།
སྐབས་འདིའི་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་གྱི་བྱེ་བྲག་ནང་དོན་ལ། ཟླ6པའི་ཚེས20ཉིན་ནས་ཟླ9བའི་ཚེས20ཉིན་བར་ཉ་མོ་ཚེ་ཐར་གཏོང་བའི་བྱ་འགུལ་གསེར་ཉའི་གཞིས་ཁྱིམ་དུ་སྤེལ་རྒྱུ་དང་། ཟླ7པའི་ཚེས6ཉིན་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པའི་འགོ་རྩོམ་མཛད་སྒོའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་གསེར་ཉའི་གཞིས་ཁྱིམ་དུ་སྤེལ་རྒྱུ་ཡིན་པ་མ་ཟད་མཚོ་སྔོན་པོའི་ཉ་མོ་ཚེ་ཐར་གཏོང་བའི་དུས་ཆེན་སྐབས་དྲུག་པའི་འགོ་རྩོམ་མཛད་སྒོ་སྤེལ་རྒྱུ། ཟླ7པའི་ཚེས6ནས་ཚེས8ཉིན་བར་མཚོ་སྔོན་ཞིང་ཆེན་མང་ཚོགས་ལས་ཞོར་ཞབས་བྲོ་འགྲན་བསྡུར་དང་ཞིང་ཆེན་ཡོངས་ཀྱི་སྐོར་བྲོ་འགྲན་བསྡུར་སྐབས་གསུམ་པ་རྫོང་གི་རིག་གནས་སྤྲོ་གསེང་ཐང་ཆེན་དུ་སྤེལ་རྒྱུ། ཟླ7པའི་ཚེས7ནས་ཟླ7པའི་ཚེས9ཉིན་བར་སྦྲ་གུར་ནང་གི་ཇུས་འགོད་དང་ཁོར་ཡུག་གསར་སྐྲུན་འགྲན་བསྡུར་མཚོ་སྔོན་པོའི་ལྷ་མོ་གཞོངས་ཀྱི་སྦྲ་གུར་ཁུལ་དུ་སྤེལ་རྒྱུ། ཟླ7པའི་ཚེས8ཉིན་མཚོ་སྔོན་པོའི་དམངས་ཁྲོད་མཚོ་མཆོད་བྱེད་སྒོ་མཚོ་སྔོན་པོའི་ལྷ་མོ་གཞོངས་སུ་སྤེལ་རྒྱུ། ཟླ7པའི་ཚེས6ནས་ཟླ7པའི་ཚེས16བར་ཚན་རྩལ་གྲུབ་འབྲས་ཁྱབ་སྒྲོག་འགྲེམ་སྟོན་རྫོང་གི་རིག་གནས་སྤྲོ་གསེང་ཐང་ཆེན་དུ་སྤེལ་རྒྱུ་ཡིན་པ་རེད།


མང་ཚོགས་ཀྱིས་ཉ་མོ་ཚེ་ཐར་དུ་གཏོང་བ།


འབྲེལ་ཡོད་འོས་སྦྱོར།