logo

མཚོ་སྔོན་པོའི་དགོ་དམར་སྲུང་སྐྱོབ་དང་གནམ་གཤིས་འཕོ་འགྱུར་སྐོར་གྱི་སྦྱོང་བརྡར་བྱ་འགུལ་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-23 ཀློག་གྲངས།:

མཚོ་སྔོན་པོའི་དགོ་དམར་སྲུང་སྐྱོབ་དང་གནམ་གཤིས་འཕོ་འགྱུར་སྐོར་གྱི་སྦྱོང་བརྡར་བྱ་འགུལ་སྤེལ།
མཚོ་སྔོན་པོའི་དགོ་དམར་སྲུང་སྐྱོབ་དང་གནམ་གཤིས་འཕོ་འགྱུར་སྐོར་གྱི་སྦྱོང་བརྡར།


བགྲོ་གླེང་བྱེད་པ།

        ཟླ4བའི་ཚེས19ཉིན། མཚོ་སྔོན་པོའི་དགོ་དམར་སྲུང་སྐྱོབ་གནས་གཞི་རུ་མཚོ་སྔོན་པོའི་དགོ་དམར་སྲུང་སྐྱོབ་དང་གནམ་གཤིས་འཕོ་འགྱུར་སྐོར་གྱི་སྦྱོང་བརྡར་བྱ་འགུལ་སྤེལ་ཞིང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བཀྲ་ཤིས་རྡོ་རྗེ་དང་། འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ། དེ་མིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དད་པའི་སྤྱི་ཚོགས་ཀྱི་མི་སྣ་གང་མང་དང་། ས་གནས་ཀྱི་མང་ཚོགས་རྣམས་ཐེངས་འདིའི་བྱ་འགུལ་དུ་ཞུགས་པ་རེད།


ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱ་བསྒྲགས་པ།


ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་ཤེས་བྱ་བསྒྲགས་པ།

        དེ་ཡང་ཐེངས་འདིའི་བྱ་འགུལ་ཁྲོད་གཙོ་ཆེར་མཚོ་སྔོན་པོའི་ད་ཡོད་གནས་ཚུལ་དང་མ་འོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐབས་ལམ་སོགས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་བྱའི་འཆད་ཁྲིད་དང་བགྲོ་གླེང་བྱས་པ་དང་། ས་གནས་ཀྱི་ན་གཞོན་རྣམས་ལ་པར་ལེན་ལག་རྩལ་ཁྲིད་དེ་སྔར་ལས་མང་བའི་ས་གནས་ཀྱི་མང་ཚོགས་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རུ་ཁག་ཏུ་ཞུགས་པར་སྐུལ་བ་རེད།
བཀྲ་ཤིས་རྡོ་རྗེ་ངོ་སྤྲོད།
        བཀྲ་ཤིས་རྡོ་རྗེ་ནི1963ལོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་སྐྱེས་ཤིང་། མཚོ་སྔོན་ཞིང་ཆེན་སྦྲག་སྲིད་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་པ་བསོད་ནམས་དར་རྒྱས་དང་འགྲོགས་ཏེ་སྲོག་ཆགས་གཙོད་གཙོར་བཟུང་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་ལ་གཞོལ། 1998ལོའི་ཟླ5བར་མཚོ་བོད་མཐོ་སྒང་གི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་ཐོག་མ་སྟེ་མཚོ་བོད་མཐོ་སྒང་གཙང་གསུམ་འབྱུང་ཡུལ་དཔལ་འབྱོར་ཡར་སྐུལ་ཚོགས་པ་བཙུགས་པ་མ་ཟད། སྔ་གཞུག་ཏུ་ཟོ་རྐྱ་ཡུལ་ཚོའི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཨུ་ཡོན་ལྷན་ཚོགས་དང་། མཚོ་བོད་མཐོ་སྒང་གཞོན་སྐྱེས་དམངས་ཁྲོད་ཁོར་ཡུག་སློབ་གསོའི་གནས་གཞི།  མུག་ཆུ་སྡེ་བའི་འབྲོག་དམངས་ཁོར་ཡུག་སློབ་གསོ། འབྲོག་དམངས་སྨན་བཅོས་བདེ་སྲུང་དང་འབྲོག་ཁུལ་རྒྱུན་རིང་འཕེལ་རྒྱས་ཞིབ་འཇུག་གི་ལས་གཞི་སོགས་གཉེར་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་བྱས་རྗེས་ཆེན་པོ་བཞག  2002ལོར་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་སུ་ཞུགས་ཏེ་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས་པ་རེད།
འཇུ་བཀྲ་ཤིས་བཟང་པོ་ངོ་སྤྲོད་ཀྱི་སྦྲེལ་གནས། http://www.amdotibet.cn/html/rw/2012-11/13839.html


འབྲེལ་ཡོད་འོས་སྦྱོར།