logo

ལྗོན་ཤིང་ཚེ་ཐར་དུ་གཏོང་བ་ལས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཐུབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-04-10 ཀློག་གྲངས།:


ཚེ་ཐར་དུ་བཏང་བའི་ལྗོན་ཤིང་།

          བོད་མི་ཀུན་གྱིས་ལྗོན་ཤིང་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་གང་མང་ཡོད་ནའང་། ལྗོན་ཤིང་ཚེ་ཐར་དུ་གཏོང་བ་ནི་ཐུན་མོང་མ་ཡིན་པའི་སྲུང་སྐྱོབ་བྱེད་ཐབས་ཤིག་ཡིན། གལ་སྲིད་ཚེ་ཐར་དུ་བཏང་ཟིན་པ་ཡིན་ན་དུས་དེ་ནས་བཟུང་ལྗོན་ཤིང་སྡོང་བོ་གཅོད་མི་ཆོག་པ་དང་བོད་མི་ཀུན་ནས་སྲུང་སྐྱོབ་བྱེད་པ་རེད།


ཚེ་ཐར་དུ་བཏང་བའི་ཤིང་སྡོང་།

          སྤྱིར་ཚེ་ཐར་གཏོང་བ་ནི་སྒོ་ཕྱུགས་ཙམ་ལ་ཚེ་ཐར་གཏོང་བ་མ་ཡིན་པར།  ལྗོན་ཤིང་དང་། རི་ཆུ། གཏེར་རྫས་སོགས་རང་བྱུང་གི་སྣོད་བཅུད་བཀོད་པར་གནོད་སྐྱོན་ཐེབས་སུ་མི་འཇུག་པར་ཡུལ་གྱི་མཛེས་སྡུག་རང་སོར་འཇོག་པ་ཡིན།
          ལྗོན་ཤིང་ཚེ་ཐར་དུ་གཏོང་བའི་སྲོལ་འདིའང་བོན་ཆོས་ཀྱི་རིག་གནས་ལས་དར་བ་ཡིན་ཞིང་། སངས་རྒྱས་ཆོས་ལུགས་བོད་དུ་དྲངས་རྗེས་སྲོག་ཆགས་དང་སྐྱེ་དངོས་ལ་སྲུང་སྐྱོབ་བྱེད་པའི་སྲོལ་འདི་སྔར་བཞིན་རྒྱུན་འཛིན་བྱས་པ་ཞིག་རེད།


འབྲེལ་ཡོད་འོས་སྦྱོར།