logo

བོད་བྱང་ཐང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲོང་སྤུ་སེར་ཅན་ལ་སྲུང་སྐྱོབ་ལེགས་པོ་ཐོབ་ཡོད་པ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-09-12 ཀློག་གྲངས།:


འབྲོང་སྤུ་སེར་ཁྱུ་ཞིག་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་མངའ་ཁོངས་སུ་རྒྱུད་བཞིན་པ། 

             བོད་ལྗོངས་མངའ་རིས་ས་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་བསྟན་དར་གྱིས་ཉེ་བའི་ལོ་འགའི་རིང་།  འཛམ་གླིང་དུ་མཐོང་དཀའ་བའི་འབྲོང་སྤུ་སེར170ལྷག་བོད་བྱང་ཐང་རང་བྱུང་ཁུལ་དུ་འཚོ་བཞིན་ཡོད་པ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་མཚམས་སྦྱོར་བྱས། 


འབྲོང་སྤུ་སེར་ཁྱུ་ཞིག་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་མངའ་ཁོངས་སུ་རྒྱུད་བཞིན་པ། 

             བོད་ལྗོངས་བྱང་ཕྱོགས་ས་ཁུལ་དུ་ཆགས་ཡོད་པའི་བོད་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མིག་སྔར་འཛམ་གླིང་ཡོངས་སུ་མཚོ་ངོས་ཆེས་མཐོ་བའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ལ།  གནས་འདིས་ས་ཆ་ཁ་ཤས་ཀྱི་མཚོ་ངོས་ལས་སྨི4500ནས་སྨི5000ཡོད་ལ། དུས་མཚུངས་སུ་རང་རྒྱལ་དུ་ཆེས་ཆེ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི20ལྷག་ལྡན།  མིག་སྔར་རང་བྱུང་སྲུང་སྐྱོབ་ཁུལ་དུ་རི་སྐྱེས་སྲོག་ཆགས་རིགས400ལྷག་འཚོ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།