མཐོ་སྒང་གི་སྐྱེ་ཁམས་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་ཚོགས་མགོ་བརྩམས་པ།
ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། མཐོ་སྒང་གི་སྐྱེ་ཁམས་རྒྱལ་སྤྱིའི་རིག་གཞུང་
བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་ཚོགས་མགོ་བརྩམས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་པོའི་མཛེས་ལྗོངས་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིན། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་མཐོ་སྒང་གི་སྐྱེ་ཁམས་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཚེས22ཉིན་ཟི་ལིང་ནས་ཚོགས་མགོ་བརྩམས་པ་རེད།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མ་ཅ་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཆིན་ཏ་ཧི། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚོ་བུན་ཧུའུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཀྲི་བེ་སོགས་འབྲེལ་ཡོད་མགོ་ཁྲིད་པ་དང་། དེ་མིན་ཨ་མེ་རུ་ཀ་དང་འཇར་མན། འཇར་པན། ཁ་ན་ཏ། དབྱིན་ཇི་སོགས་རྒྱལ་ཁབ་ནས་ཡོང་བའི་ཆེད་ལས་མཁས་པ་དང་ཤེས་ཡོན་ཅན་རྣམས་བགྲོ་གླེང་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོར་ཞུགས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མ་ཅ་ཡིས་ཁ་ཡིག་ལ«མཚོ་སྔོན་གྱི་མཛེས་སྡུག་
ཉམས་སུ་མྱངས་ཏེ་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས»ཞེས་པའི་གཏམ་བཤད་གནང་བཞིན་པ།
བགྲོ་གླེང་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཅི་ཏིས་མ་ཅ་ཡིས་ཁ་ཡིག་ལ«མཛེས་སྡུག་གི་མཚོ་སྔོན་ཉམས་སུ་མྱངས་ཏེ་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་དགོས»ཞེས་པའི་གཏམ་བཤད་གནང་བ་སྟེ། མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཐོན་ཁུངས་རྒྱུན་མཐུད་སྒོས་བཀོལ་སྤྱོད་བྱེད་པར་འཚོལ་ཞིབ་བྱེད་སྐབས་ངེས་པར་དུ་ཕྱོགས་གསུམ་གྱི་བྱ་བར་མཐོང་ཆེན་བྱེད་དགོས། གཅིག ངེས་པར་དུ་ཚན་རིག་གི་འཕེལ་རྒྱས་ལྟ་བའི་མཛུབ་སྟོན་འོག་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་འཇུག་བྱ་བར་གཙིགས་འཛིན་བྱེད་དགོས། གཉིས། ངེས་པར་དུ་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་གྲུབ་འབྲས་སྔོག་འདོན་བྱེད་པའི་རྨང་གཞིའི་སྟེང་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་བྱ་བར་གཙིགས་འཛིན་བྱེད་དགོས། གསུམ། ངེས་པར་དུ་རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་ནས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐབས་ལམ་ལ་འཚོལ་ཞིབ་བྱེད་དགོས་ཟེར།