logo

ཀན་སུའུ་ཞིང་ཆེན་གྱི་ཆེས་ཆེ་བའི་མཐོ་སྒང་གི་ཚྭ་མེད་མཚོ་སྟེ་མཚོ་ཉིན་མཚོའི་ཆུ་མངོན་གསལ་གྱིས་རྒྱས་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-20 ཀློག་གྲངས།:


མཚོ་ཉིན་མཚོའི་འགྲམ་དུ། གནས་སྐོར་བ་ཞིག་གིས་པར་རྒྱག་བཞིན་པ།

              ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་དུ་ཡོད་པའི་མཚོ་ཉིན་མཚོ་ཡི་མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་གསུམ་དང་བཞི་ བརྒྱ་བདུན་ཅུ་ལྷག་ཡོད་པ་དང་། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཆེས་ཆེ་བའི་མཐོ་སྒང་གི་ཚྭ་མེད་མཚོ་ཞིག་རེད། ན་ནིང་དགུན་ཁ་དང་ད་ལོའི་དཔྱིད་ཀར་བསྟུད་མར་ཐན་སྐྱོན་གྱི་གནོད་འཚེ་ཐེབས་པའི་དབང་གིས། མཚོ་ཉིན་མཚོའི་ཆུ་ཇེ་ཆུང་དུ་སོང་བ་དང་། ད་ལོའི་ཟླ་དྲུག་པའི་ཟླ་དཀྱིལ་ནས་བཟུང་། ཆར་འབབ་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། མཚོ་ཉིན་མཚོ་ཡང་མངོན་གསལ་གྱིས་རྒྱས་ཏེ། བྱ་རིགས་སྣ་ཚོགས་ཀྱི་སྐྱེ་འཕེལ་བྱེད་ས་དང་ཕྱུགས་ཟོག་ལ་འཐུང་ཆུ་འདང་ཚིམས་པ་འདོན་སྤྲོད་བྱེད་ས་ཞིག་ཏུ་གྱུར་ཡོད།


མཚོ་ཉིན་མཚོའི་འགྲམ་རྒྱུད་དུ་ནོར་ཁྱུ་ཞིག་གིས་ཆུ་འཐུང་བཞིན་པ།


འབྲེལ་ཡོད་འོས་སྦྱོར།