logo

《མཚོ་བོད་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་འཆར་འགོད》ཀྱི་གྲོས་འཆམ།

རྩོམ་པ་པོ།:ཕག་གྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-04-02 ཀློག་གྲངས།:

            རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས30ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པར་འགོ་འཛིན་མཛད་དེ《མཚོ་བོད་མཐོ་གཞོངས་མངའ་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་འཆར་འགོད(2011ལོ་ནས2030ལོའི་བར)》ལ་གྲོས་འཆམ་བྱུང་།
            གྲོས་ཚོགས་ལས་བསྟན་དོན། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ། ཞིང་ཅང་བཅས་ཞིང་ཆེན(ལྗོངས)6དང་ས་ཁུལ27དང་རྫོང179བཅས་ཐེ་བའི་མཚོ་བོད་མཐོ་གཞོངས་ཀྱི་ས་བབ་ཆགས་ཚུལ་ཁྱད་མཚར་ཡིན་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པས། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཐད་ཀྱི་ལྕིབས་ར་གལ་ཆེན་ཞིག་ཡིན། མཚོ་བོད་མཐོ་གཞོངས་མངའ་ཁོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་ལས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། མཐའ་མཚམས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཐོབ་པ། དེ་མིན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་དོན་སྙིང་གལ་ཆེན་ལྡན།  


འབྲེལ་ཡོད་འོས་སྦྱོར།