མཐོ་སྒང་སྐྱེ་ཁམས་ནུས་གྲོན་བཟོ་བཀོད་ཀྱི་དཔེ་སྟོན་བཟོ་འགོད།
མི་རིགས་རྒྱན་སྤྲས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་ལྟ་ན་སྡུག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་ལྡན་པའི་སྐྱེ་ཁམས་ནུས་གྲོན་བཟོ་བཀོད་དེ་མཚོ་སྔོན་པོའི་འགྲམ་ངོགས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱས་པ།
ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མཐོ་སྒང་སྐྱེ་ཁམས་ནུས་གྲོན་བཟོ་བཀོད་ཀྱི་ཚོད་ལྟའི་དཔེ་སྟོན་བཟོ་འགོད་ལེགས་འགྲུབ་བྱུང་བའི་མཛད་སྒོ་དེ་མཚོ་སྔོན་པོའི་འགྲམ་ངོགས་སུ་སྤེལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བ་རུ་ཆགས་པའི་མཐོ་སྒང་སྐྱེ་ཁམས་ནུས་གྲོན་བཟོ་བཀོད་ཀྱི་ཚོད་ལྟའི་དཔེ་སྟོན་བཟོ་འགོད་ལ་བསྡོམས་པས་འབྲོག་དམངས་ཁྱིམ་ཚང10ཡི་སྡོད་ཁང་འདུས་ཤིང་། ས་གནས་དེའི་ཕུན་སུམ་ཚོགས་པའི་ཉི་འོད་ནུས་པ་དང་རླུང་ཤུགས། སྐྱེ་དངོས་ནུས་པ་སོགས་བསྐྱར་བཀོལ་བྱས་ཆོག་པའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཕན་འབྲས་ལྡན་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་བཟོ་བཀོད་ནུས་གྲོན་དང་ནུས་བཀོལ་གནད་དོན་ཐག་གཅོད་བྱས་པས། མཚོ་སྔོན་ཞིང་ཆེན་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་བཟོ་འགོད་འཛུགས་སྐྲུན་དང་འབྲོག་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱེད་པར་མཐོ་སྒང་སྐྱེ་ཁམས་ནུས་གྲོན་བཟོ་བཀོད་མ་ལག་ཆ་ཚང་ཞིག་འདོན་སྤྲོད་བྱས་ཡོད།
མཚོ་བསྐོར་ས་ཁུལ་དུ་མཐོ་སྒང་སྐྱེ་དངོས་ནུས་གྲོན་བཟོ་བཀོད་འཛུགས་སྐྲུན་བྱེད་པ་ནི"2009ལོའི་སའི་གོ་ལའི་སྣེ་གསུམ་པའི་ཇོ་མོ་གླང་མ་བྱ་འགུལ་ཆེན་པོའི"ཚན་རྩལ་སྐོར་གྱི་བརྗོད་དོན་བྱ་འགུལ"ཏུའུ་པང་དམངས་འཚོ་ལེགས་བཅོས་ཀྱི་ཚན་རིག་ཞིབ་འཇུག་འཆར་འགོད"ཀྱི་ནང་དོན་ཚན་པ་ཞིག་ཡིན་ལ། འཆར་འགོད་འདིས་མཚོ་བོད་མཐོ་སྒང་ས་ཁུལ་དུ་དུས་རིམ་དང་ས་ཁོངས་བགོས་ནས་སྡོད་ཁང་ཆ་རྐྱེན་ལེགས་བཅོས་དང་འབྲོག་དམངས་འཚོ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཀྱི་བཟོ་འགོད་ཞིག་ཡིན་པས། ས་ཁུལ་འདིའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།
གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་མཐོ་སྒང་སྐྱེ་ཁམས་ནུས་གྲོན་བཟོ་བཀོད་ཡིན།
ཟླ9བའི་ཚེས29ཉིན། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་ནུས་གྲོན་སྡོད་ཁང་གི་ཁང་ཀླད་དུ་
ཉི་ནུས་ཆུ་སྲོ་ཆས་སོགས་ཀྱི་སྒྲིག་ཆས་བཙུགས་ཡོད།