logo

འཛམ་གླིང་ནགས་ཚལ་གྱི་སྤྱིའི་གནས་ཚུལ།

རྩོམ་པ་པོ།:བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-06-02 ཀློག་གྲངས།:

   ནགས་ཚལ་ནི་མིའི་རིགས་ཀྱི་ཚེ་སྲོག་སྐྱོང་བའི་མ་མ་ལྟ་བུ་ཡིན་ལ།  མཛེས་སྡུག་ཡིད་དུ་འོང་བ་དང་བདེ་སྐྱིད་ཀྱི་རེ་སྨོན་ཚིམ་བྱེད་ཀྱི་ནོར་བུ་གླིང་ག་ལྟ་བུ་ཞིག་ཡིན་པས།  ནགས་ཚལ་གྱིས་མིའི་རིགས་དང་སྐྱེ་དངོས་རིགས་ཐམས་ཅད་བདེ་ཐང་ངང་འཚར་ལོངས་ཡོང་བར་ཕན་རོགས་ཆེན་པོ་བྱས་དང་བྱེད་ཀྱིན་ཡོད།  ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་དོ་མཉམ་ཡོང་བར་ནུས་པ་ཆེན་པོ་འདོན་གྱིན་ཡོད། དཔེར་ན་རྒྱ་ཁྱོན་སྤྱི་ཆིང་གཅིག་ཡོད་པའི་ནགས་ཚལ་ནས་ཉིན་རེར་དབྱང་གཉིས་ཐཱན་རྫས་སྟོང་ཁེ་སྟོང་གཅིག་ལྷག་རྔུབ་ལེན་བྱེད་ཐུབ་པ་དང་།   དབྱང་དབུགས་སྟོང་ཁེ730གཏོང་ཐུབ།  རྒྱ་ཁྱོན་སྤྱི་ཆིང་གཅིག་ཡོད་པའི་གསོམ་ནགས་ནས་ལོ་རེར་ས་རྡུལ་མང་པོ་བཀག་འགོག་བྱེད་ཐུབ། རྒྱ་ཁྱོན་སྤྱི་ཆིང་ལྔ་ཙམ་ཡོད་པའི་ནགས་ཚལ་དུ་བསགས་པའི་ཆུ་དེས་ཕལ་ཆེར་ཆུ་མཛོད་ཆུང་བ་ལྔ་ཡི་གོ་ཆོད།  ང་ཚོས་ཤེས་གསལ་ལྟར་མིའི་རིགས་ཀྱི་གདོད་མའི་སྐབས་སུ་སའི་གོ་ལ་སྐམ་སའི་སུམ་ཆ་གཉིས་ནགས་ཚལ་གྱིས་ཁེབས་འདུག   ཕལ་ཆེར་སྤྱི་ཆིང་དུང་ཕྱུར་དོན་དྲུག་ཡིན། འོན་ཀྱང་དུས་རབས་བཅུ་དགུ་བའི་དུས་བར་མའི་སྐབས་སུ་ནགས་ཚལ་གྱི་ཁེབས་རྒྱ་ཇེ་ཆུང་ལ་སོང་ནས་སྤྱི་ཆིང་དུང་ཕྱུར་ལྔ་དྲུག་མ་གཏོགས་མེད།  དུས་རབས་ཉི་ཤུ་བའི་དུས་མཇུག་ལ་ནགས་ཚལ་གྱི་ཁེབས་རྒྱ་སྤྱི་ཆིང་དུང་ཕྱུར34.4ཡིན་པས།   སའི་གོ་ལའི་ཐོག་ནགས་ཚལ་གྱི་ཁེབས་རྒྱ27%མ་གཏོགས་མེད།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྒྲགས་པའི《2000ལོར་སའི་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་ལ་ཚོད་དཔག》ཅེས་པའི་ཡིག་ཆའི་ནང་བསྟན་དོན།  མིའི་རིགས་ལ་ཤིང་ཆ་དང་རྨོ་ཞིང་སོགས་ཀྱི་དགོས་མཁོ་ཆེ་དྲགས་པས།  ད་ལྟ་སའི་གོ་ལའི་སྟེང་གི་ནགས་ཚལ་50%མེད་པར་གྱུར་བ་དང་། 9%ཟིན་པའི་ཤིང་རིགས་འཛམ་གླིང་ནས་རྩ་མེད་དུ་གྱུར།    30%ཟིན་པའི་ནགས་ཚལ་རྨོ་ཞིང་དུ་བསྒྱུར།  ཚ་བའི་ས་ཁུལ་གྱི་ནགས་ཚལ་ལོ་རེར་སྤྱི་ལེ་གྲུ་བཞི་མ་བཅུ་གསུམ་ཡས་མས་མེད་པར་གྱུར།  ཚན་རིག་པས་དཔྱད་པ་བཏང་བ་ལྟར་ན་ཉེ་བའི་ལོ་འགའི་རིང་འཛམ་གླིང་ཚ་བའི་ས་ཁུལ་གྱི་ནགས་ཚལ་ཆུ་ཚོད་སྐར་མ་རེར་རྒྱ་ཁྱོན་སྤྱི་ཆིང་ལྔ་བཅུ་ལྷག་རྩ་མེད་དུ་འགྲོ་བཞིན་ཡོད། གལ་སྲིད་མིའི་རིགས་ཀྱིས་ཐབས་སྣ་ཅི་རིགས་ཀྱིས་སྔོན་འགོག་མ་བྱས་ཚེ།  ལོ་ངོ་50སོང་བ་ན་ཚ་བའི་ས་ཁུལ་གྱི་ནགས་ཚལ་བཅད་ནས་ཚར་རྒྱུ་རེད་ཟེར། སའི་གོ་ལའི་སྟེང་གི80%གདོད་མའི་ནགས་ཚལ་གཏོར་རླག་བྱས་ཚར།  གཏོར་རླག་བྱས་མེད་པའི་གདོད་མའི་ནགས་ཚལ་ཡིན་ནའང་ཐར་ཐོར་ཧྲལ་ཧྲུལ་དུ་སྐྱེས་པ་ལས་ཚང་ཚིང་སྟུག་པོ་ཞིག་རིག་རྒྱུ་ཉུང་།  གླིང་ཆེན་ཨ་ཧྥེ་རི་ཁ་ལ་མཚོན་ན་རྒྱལ་ཁབ་མང་ཆེ་བ་དབུལ་བོ་ཡིན་པས་མི་རྣམས་ལ་ནད་ཡམས་དང་མུ་གེ་སོགས་ཀྱིས་མནར་བ་དང་། འབངས་མི་རྣམས་ལ་སྤར་རྫས་ཉོ་བྱེད་ཀྱི་དངུལ་སྒོར་མེད་པས་ཁོ་ཚོས་ནགས་ཚལ་གྱི་ཤིང་སྡོང་བཅད་ནས་བུད་ཤིང་བྱས་པ་དེ་གླིང་ཆེན་ཨ་ཧྥེ་རི་ཁའི་ནགས་ཚལ་གྱི་ཁྱོན་ཇེ་ཆུང་ལ་སོང་བའི་རྒྱུ་མཚན་གཙོ་བའི་ཞིག་རེད།  ནགས་ཚལ་ཇེ་ཉུང་ལ་སོང་བ་དང་མཉམ་དུ་ཐན་པ་ཇེ་མང་ཡིན་པས་ཡུལ་དེའི་འབངས་མི་རྣམས་སྔར་ལས་དབུལ་བོ་ཡིན། གཞན་ཡང་མིའི་རིགས་ཀྱིས་རྨོ་ཞིང་ཆེད་དུ་རྩ་མེད་ཤུལ་མེད་དུ་བཏང་བའི་ནགས་ཚལ་གྱི་ཁྱོན་ལོ་རེ་བཞིན་ཇེ་ཆེ་རེད། འཛམ་གླིང་ཡོངས་ནས་ལོ་རེར་ནགས་ཚལ་གྱི་ཁྱོན་སྤྱི་ཆིང2000མེད་པར་འགྲོ་བཞིན་ཡོད། ཚན་རིག་པས་དཔྱད་པ་བཏང་བ་ལྟར་ན།   མིའི་རིགས་ཀྱི་ནགས་ཚལ་གཏོར་རླག་བྱས་དྲགས་པས་མིའི་རིགས་རང་ཉིད་ཀྱི་འཚོ་གནས་ལ་བཟློག་ཐབས་མེད་པའི་དཀའ་ངལ་བཟོས་ཡོད་ཅེས་གསུངས། དེ་ཡང་མདོ་དབུས་མཐོ་སྒང་ལ་མཚོན་ན་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་ནགས་ཚལ་གྱི་ཁེབས་རྒྱ་ཧ་ཅང་ཆེ།  བོད་རང་སྐྱོང་ལྗོངས་ཀྱི་ཧི་མ་ལ་ཡ་རི་རྒྱུད་དང་འཕྲེད་རྒྱུག་རི་རྒྱུད།   གཉན་ཆེན་ཐང་ལྷ་སོགས་ན་གདོད་མའི་ནགས་ཚལ་ཆེན་པོ་ཡོད།  ལྗོངས་ཡོངས་ལ་ནགས་ཚལ་ཁེབས་པའི་ས་རྒྱ་སྤྱི་ཆིང་ཁྲི་ཚོ632ཡོད། ཡིན་ན་ཡང་མི་ཚོའི་ཤིང་ཆ་རིགས་འཛད་སྤྱོད་བྱེད་པའི་དགོས་མཁོ་ཤིན་ཏུ་ཆེ། དཔེར་ན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལ་མཚོན་ན་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་ནང་མཁར་གྲོང་ན་མི་ཁྲི་ཚོ་བཅུ་ལྷག་ཡོད་པའི་ནང་ལོ་རེར་འཚོ་བའི་ཆེད་དུ་བུད་ཤིང་རྒྱ་མ་ཁྲི་ཚོ་སྟོང་ལྔ་ལྷག་འཛད་སྤྱོད་བྱེད་དགོས་པ་དེ་དམངས་སྤྱོད་སྤར་རྫས་ཧྲིལ་བོ40%ཟིན།  ཐ་ན་ཁེ་ལས་བཟོ་གྲྭ་ཁ་ཤས་ཀྱིས་ཀྱང་ཤིང་ཆ་སྤར་རྫས་བྱས་ནས་ཐོན་སྐྱེད་བྱས། ཡར་ཀླུང་གཙང་བོའི་སྨད་རྒྱུད་ན་དུད་ཚང་ཁྲི་ཚོ16.4ཡོད་པའི་ནང་དུད་ཚང་ཁྲི་ཚོ13ལྷག་གིས་རང་བྱུང་ནགས་ཚལ་བཅད་ནས་བུད་ཤིང་བྱེད་པ་དེ་འཚོ་བའི་གོམས་སྲོལ་དུ་གྱུར་ཡོད།  སྔོན་ཆད་སྐབས་ཤིག་ལ་མཚོ་སྔོན་གྱི་བྱང་རིའི་ནགས་ཚལ་འཕྲོག་བཅོམ་བྱས་ཤིང་བསམ་བཞིན་བཅད་པ་དང་།   འགྲིམ་འགྲུལ་རྗེས་ལུས་ཡིན་པས་ལོ་བརྒྱ་ཕྲག་རིང་ལ་སྐྱེས་པའི་ཐང་ཤིང་བཅད་རྗེས་སྐྱེལ་འདྲེན་བྱེད་མ་ཐུབ་པར་ནགས་ཁུལ་དུ་ལུས་ནས་རུལ། ནགས་ཁུལ་ཉེ་འགྲམ་གྱི་རོང་འབྲོག་པ་དུད་ཁྱིམ4000ལྷག་གིས་བུད་ཤིང་དང་ཁང་པ་ཕུབ་པ།  སླེ་བོ་བསླེས་པ།  ཕྱུགས་ར་སྐོར་བྱེད་སོགས་ཚང་མ་ནགས་ཚལ་དང་བྲལ་ཐབས་མེད།  ལོ་རེར་དུ


འབྲེལ་ཡོད་འོས་སྦྱོར།