logo

༄༅།།ཅིས་ཏིས་མ་ཅ་ཡིས་མཚོ་སྔོན་པོ་གནས་སྐོར་བྱེད་ས་གྲགས་ཅན་དུ་སྐྲུན་དགོས་ཞེས་བཤད་པ།

རྩོམ་པ་པོ།:བདེ་སྐྱིད་འཚོས་བསྒྱུར། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2008-05-19 ཀློག་གྲངས།:

    སྒྲིག་གཞི་གསར་བ་དོ་དམ་དང་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་པོའི་གནས་སྐོར་སྲུང་སྐྱོབ་དང་དོ་དམ་ཅུའུ་ཡིས་ཧུར་ཐག་གིས་ཏང་འཛུགས་བྱ་བ་གཙོ་བོ་དེ་སྐྱེ་ཁམས་སྲུང་སྐྱོབ་དང་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་ཐད་བཞག་སྟེ། གནས་སྐོར་བྱེད་ས་འཕེལ་རྒྱས་སུ་གཏོང་བའི་ཁོེར་ཡུག་ཅུང་བཟང་བོ་ཞིག་སྐྲུན་པར་བརྩོན་ལེན་བྱས། ཟླ་དྲུག་པའི་ཚེས་གསུམ་ཉིན། ཧྲིན་ཀྲང་གཞོན་པ་ཅིས་ཏིས་མ་ཅ་དོ་དམ་ཅུའུ་ཡིས་རྩ་འཛུགས་བྱས་ནས་བསྡུས་པའི་ཏང་ཡོན་གསར་བ་ཏང་ནང་དུ་ཞུགས་པར་དམ་བཅའ་འཇོག་པ་དང་སྔོན་ཐོན་ཏང་ཡོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུར་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་འཛུགས་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། ཧུར་ཐག་གིས་ཏང་འཛུགས་བྱ་བ་དེ་གནས་སྐོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་འཕྲོད་པའི་ཆུ་ཚད་དུ་བསླེབས་སུ་བཅུག་ཏེ། མཚོ་སྔོན་པོ་མཚོ་སྔོན་གྱི་འཐུས་ཚབ་རང་བཞིན་གྱི་གནས་སྐོར་བྱེད་ས་གྲགས་ཅན་དུ་སྐྲུན་དགོས་ཟེར།
    ཅིས་ཏིས་མ་ཅ་ཡིས་བསྟན་དོན། མཚོ་སྔོན་པོའི་གནས་སྐོར་ས་ཁུལ་གྱི་ཐོན་ཁུངས་དེགཅིག་གྱུར་གྱིས་སྲུང་སྐྱོབ་བྱེད་པ་དང་། གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། གཅིག་གྱུར་གྱིས་དོ་དམ་བྱེད་པ། གཅིག་གྱུར་གྱིས་བེད་སྤྱོད་བྱེད་པབཅས་ལག་བསྟར་བྱེད་རྒྱུ་ནི། ཞིང་ཆེན་ཏང་ཨུ་དང་ ། ཞིང་ཆེན་སྲིད་གཞུང་གིས་རང་ཞིང་གི་གནས་སྐོར་དོ་དམ་སྒྲིག་གཞི་བཅོས་བསྒྱུར་བྱེད་པའི་གལ་ཆེ་བའི་གོམ་སྟབས་ཆེན་པོ་ཞིག་རེད། མཚོ་སྔོན་པོའི་གནས་སྐོར་ས་ཁུལ་གྱི་སྒྲིག་གཞི་བཅོས་བསྒྱུར་དང་། ཐོན་ཁུངས་ལེགས་སྒྲིག ཁོར་ཡུག་དག་ཐེར་བཅས་བྱེད་པའི་གོ་རིམ་ཁྲོད། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་ནུས་པ་དང་ཏང་ཡོན་གྱི་དང་ལེན་དཔེ་ལེགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། གནས་སྐོར་ས་ཁུལ་ཡོངས་ཀྱི་བྱ་བར་ནུས་པ་ཡོད་པའི་སྒོ་ནས་ཡར་སྐུལ་བྱས་པས། ཐོན་ཁུངས་ལེགས་སྒྲིག་ཕུན་སུམ་ཚོགས་པོའི་ངང་ཡོངས་འགྲུབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས་གནས་སྐོར་གྱི་ཁོར་ཡུག་མངོན་གསལ་གྱིས་ཇེ་བཟང་དུ་སོང་བ་དང་། གནས་སྐོར་ས་ཁུལ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པ་དང་ཚོད་འཛིན་རང་བཞིན་གྱི་གཏན་འཁེལ་ཞིབ་མོ་དེར་ཞིང་ཆེན་རིམ་པས་དཔྱད་ཞིབ་བྱས་ཚར་ལ། ཚོང་འགུག་དངུལ་འདྲེན་དང་། ལས་གཞི་འཛུགས་སྐྲུན་དེ་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད། མཚོ་སྔོན་པོའི་གནས་སྐོར་ས་ཁུལ་དེ་འཛམ་གླིང་གི་ཤུལ་བཞག་ཅན་གྱི་མཐོ་སྒང་གི་མཚེའུ་སྐྱེ་ཁམས་གནས་སྐོར་བྱེད་ས་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་རྒྱུ་ནི། དམིགས་འབེན་ཆེན་པོ་ཞིག་ཡིན་ལ། དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཀྱང་ཡིན་པས་ད་ལྟའི་བྱ་བ་བཟང་བོར་སྒྲུབ་སྟེ། ཚོང་འགུག་དངུལ་འདྲེན་དང་། དོ་དམ་སོགས་ཕྱོགས་འགའི་ཐད་ནས་གནས་སྐོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱེད་པ་དང་། མཚོ་སྔོན་པོ་མཚོ་སྔོན་གྱི་མིང་དུ་གྲགས་པའི་གནས་སྐོར་བྱེད་ས་ཞིག་ཏུ་བརྩིས་ནས་ཕན་འབྲས་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས།


འབྲེལ་ཡོད་འོས་སྦྱོར།