༄༅།། གཉན་པོ་གཡུ་རྩེར་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་ལྷག་བཏང་ནས་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་གཏོང་རྒྱུ་ཡ
ཟི་ཁྲོན་རྔ་བ་དང་མཚོ་སྔོན་མགོ་ལོག་གཉིས་ཀྱི་ས་མཚམས་སུ་ཡོད་པའི་གཉན་པོ་གཡུ་རྩེ།
ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཉིས་སྟོང་དགུ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་གཉན་པོ་གཡུ་རྩེའི་གནས་སྐོར་ཡུལ་ལྗོངས་ཀྱི་སྤྱིའི་ཇུས་འགོད་དེར་དཔྱད་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། གནས་སྐོར་ས་ཁུལ་ལ་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཏང་ནས། སྐྱེ་ཁམས་རང་བཞིན་གྱི་གནས་སྐོར་བྱེད་ས་གཙོ་བོ་འཕེལ་རྒྱས་སུ་གཏོང་རྩིས་ཡོད།
གཉན་པོ་གཡུ་རྩེའི་ཡུལ་ལྗོངས་གནས་སྐོར་གྱི་སྤྱིའི་ཇུས་གཞི་དེ་རྨ་འབྲུ་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་གནས་སྐོར་འཆར་གཞི་རྨང་གཞི་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་། ཡུལ་ལྗོངས་ལྟ་སྐོར་མཐུན་སྦྱོར། སྐྱེ་ཁམས་གནས་སྐོར་བཅས་དོན་དག་ཆེན་པོ་གསུམ་གཟབ་ནན་གྱིས་དབྱེ་འབྱེད་བྱས་ནས། ལྷ་མཚོའི་གནས་སྐོར་བྱེད་སའི་ཞབས་ཕྱིའི་རྟེན་གཞི་སྟེ། མ་རྫའི་སྐྱེ་ཁམས་གནས་སྐོར་ས་ཁུལ་ནས་སྔོན་མཚོ་བར་དང་། དེ་ནས་མགོ་ལོག་ཁག་གསུམ་གྱི་ལྟ་སྐོར་བྱེད་ས་ལུང་དཀར་དགོན་པའི་བར་དུ་གནས་སྐོར་ཞབས་ཕྱིའི་རྟེན་གཞིའི་ལམ་ཐིག་བརྒྱབ་སྟེ། གཟི་ཚྭ་སྡེ་དགུ་དང་ཤམ་བྷ་ལ་ལྟ་བུའི་གནས་སྐོར་བྱེད་སར་ཁོར་ཡུག་སྐྲུན་ཏེ། གཅིག་སྒྲིལ་རྫོང་མཁར་དང་། དཔལ་ཡུལ་ཞང་། པད་མ་རྫོང་མཁར་དང་། འཛམ་ཐང་ཞང་། སི་ཁྲོན་རྔ་བ་བཅས་དཀྱིལ་སྙིང་ཡིན་པའི་གཉན་པོ་གཡུ་རྩེའི་གནས་སྐོར་བྱེད་ས་སྐྲུན་རྒྱུ་རེད།