logo

༄༅།། ཀྲུང་གོའི་ཚན་རིག་གླིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ལ་རོགས་བྱེད་པ།

རྩོམ་པ་པོ།:སྒྲོལ་མས་བསྒྱུར། ཡོང་ཁུངས།:ཞིན་ཧྭའི་དྲ་བ། དུས་ཚོད།:2008-05-07 ཀློག་གྲངས།:

    གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་དོ་དམ་ཅུད་ནས་ཤེས་གསལ་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རིག་གླིང་གི་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མཉམ་འབྲེལ་ཚན་ཞིབ་རྟེན་གཞི་དེ་ཉེ་ལམ་མཚོ་སྔོན་པོའི་བྱ་གླིང་མཛེས་ལྗོངས་ཁུལ་དུ་དངོས་སུ་ཚུགས་ཡོད་ཅིང་། ད་ཆ་ཀྲུང་གོའི་ཚན་རིག་གླིང་གི་ཚན་ཞིབ་སྡེ་ཚན་༡༠ཙམ་མཚོ་སྔོན་པོའི་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོབ་ལས་དོན་ལ་ཞུགས་ཡོད་པ་རེད།
   
ཀྲུང་གོའི་ཆེས་མཛེས་པའི་མཚོ་དང་པོའིམཚན་སྙན་ཡོད་པའི་མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ཚྭ་མཚོ་ཆེས་ཆེ་བ་དེ་ཡིན་ལ། རྒྱལ་སྤྱིའི་འདམ་ར་གཙོ་བོ་ཞིག་ཀྱང་ཡིན། མཚོ་སྔོན་པོ་དང་དེའི་མཐའ་འཁོར་ནི་འདབ་ཆགས་རྩ་ཆེན་གྱི་དགའ་ཚལ་དུ་གྱུར་ཡོད་ཅིང་། འདབ་ཆགས་ཀྱི་རིགས་དེ་༡༩༨༩ལོའི་སྣ་༡༦༤ནས་ད་ལྟའི་སྣ་༡༩༡བར་འཕེལ་བ་དང་། ལོ་རེར་ས་དེར་འབབ་སྡོད་བྱེད་པའི་འདབ་ཆགས་རིགས་བསྡོམས་པས་ཁྲི་༡༥ཡན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།