གཏེར་རིགས་སྔོག་འདོན་སྔོན་འགོག་བྱེད་ཐབས།
རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-05
ཀློག་གྲངས།:
མདོ་དབུས་མཐོ་སྒང་ནི་གཏེར་རིགས་སྣ་མང་འཛོམས་པའི་བང་མཛོད་ཅིག་ཡིན་པ་བདེན་མོད། འོན་ཀྱང་འཆར་འགོད་མེད་ལ་གང་ཡིན་སར་གཏེར་རིགས་སྔོག་འདོན་བྱེད་པར་འཛེམ་དགོས། གཏེར་རིགས་སྣ་ཚོགས་ནི་རང་བྱུང་ཁོར་ཡུག་གི་ཟུངས་བཅུད་ཡིན་པས་གཏེར་རིགས་སྔོག་འདོན་བྱེད་པར་འཛེམ་དགོས།དཔེར་ན་མིའི་ལུས་ཕུང་གི་ཟུངས་བཅུད་ཉམས་ཚེ་ལུས་ཕུང་ཡོད་ཚད་དེ་ལྟར་ཉམས་འགྲོ། མདོ་དབུས་མཐོ་སྒང་གི་གཏེར་རིགས་སྔོག་འདོན་བྱས་དྲགས་ན་དཔེ་དེ་ལས་གཉིས་སུ་མ་མཆིས། དེའི་ཕྱིར་མདོ་དབུས་མཐོ་སྒང་གི་གཏེར་རིགས་སྔོག་འདོན་བྱས་པའི་རིན་ཐང་ལས་དེ་སྔོག་འདོན་བྱས་པའི་གྱོང་གུད་ཚབས་ཆེན་ཡིན་པས་མདོ་དབུས་མཐོ་སྒང་གི་གཏེར་རིགས་སྣ་ཚོགས་ལ་སྲུང་སྐྱོབ་ཅི་ཐུབ་བྱེད་དགོས།
དེ་བཞིན་དཔལ་འབྱོར་འཛུགས་སྐྲུན་སྒོས་མདོ་དབུས་མཐོ་སྒང་གསར་སྤེལ་བྱེད་པའི་སྐབས་སུ་སྐྱེཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལས་དོན་དང་མདོ་དབུས་མཐོ་སྒང་གི་ཁོར་ཡུག་བདེ་འཇགས་ཨང་དང་པོར་འཇོག་པ་ནི་ལྡོག་མེད་ཀྱི་འོས་འགན་ཡིན།
འབྲེལ་ཡོད་འོས་སྦྱོར།