༄༅།། བོད་ལྗོངས་ཀྱི་རི་སྐྱེ་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་བ།
བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཅུའུ་ཡིས་མཚམས་སྦྱོར་བྱས་པའི་གནས་ཚུལ་ལྟར་ན། ཀྲུང་གོ་སྲིད་གཞུང་གིས་རི་དྭགས་གཙོད་སྲུང་སྐྱོབ་བྱེད་པ་དང་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བས། ད་ལོ་བོད་ལྗོངས་ནང་ཁུལ་གྱི་རི་དྭགས་གཙོད་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད་པ་དང་། ད་ལྟ་རི་དྭགས་གཙོད་འབུམ་གཅིག་དང་ཁྲི་ལྔ་ལྷག་བོད་ལྗོངས་ནང་ཁུལ་དུ་འཚོ་བཞིན་ཡོད་ཟེར།
ད་ལོ་བོད་ལྗོངས་སུ་རིམ་པ་མི་འདྲ་བའི་རང་བྱུང་སྲུང་སྐྱོང་ས་ཁུལ་ཞེ་ལྔ་ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དགུ་དང་། རང་སྐྱོང་ཁུལ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་བཅུ་གཅིག ས་གནས་དང་རྫོང་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཉེར་ལྔ་བཅས་ཡོད་པ་དང་། བོད་ལྗོངས་ཀྱིས་ད་རུང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ཉེར་གཅིག་བཙུགས་ཏེ། ས་དེའི་སྐྱེ་ཁམས་ས་ཁོངས་གཙོ་བོར་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས།