མཚོ་སྔོན་གྱིས་རང་བྱུང་ཁམས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་པ།
མཚོ་སྔོན་ནི་རྒྱལ་ཡོངས་ནས་རི་སྐྱེས་སྲོག་ཆགས་མང་པོའི་ཞིང་ཆེན་ཆེན་པོ་ཞིག་ཡིན་ལ། ལོ་མང་པོའི་རིང་རྒྱུན་ཆད་མེད་པར་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་།མཚོ་སྔོན་གྱིས་རང་བྱུང་ཁམས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱེད་པ་དེས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་ནུས་པ་ཆེན་པོ་འདོན་པར་ཧ་ཅང་མཐོང་ཆེན་བྱས་ཏེ། གོ་སྐབས་བཟང་བོ་དམ་འཛིན་བྱས་ནས་སྲུང་སྐྱོབ་ས་ཁུལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་། ད་ལྟའི་བར་དུ་ཞིང་ཆེན་ཡོངས་སུ་རི་སྐྱེས་སྲོག་ཆགས་སོགས་འདུས་པའི་རང་བྱུང་ཁམས་སྲུང་སྐྱོབ་ས་ཁུལ་བཅུ་གཅིག་ལས་ཡོད་པས། བཀོད་སྒྲིག་བྱས་པ་ཅུང་བཟང་ཞིང་རིགས་དང་སྣ་ཁ་མང་བ་དང་ནུས་པ་ཡོད་པའི་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་ཆ་ཚང་ཞིག་ཆགས་ཡོད།
ད་ལྟ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཁམས་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་ཀུང་ཆིན་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བདུན་ལྷག་ཡོད་པ་དང་དེས་ཞིང་ཆེན་ཡོངས་ཀྱི་ས་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་གཉིས་ལྷག་ཟིན་ཡོད་པས། མཚོ་སྔོན་པོའི་མཐའ་འཁོར་དང་ཨ་ཆེན་གངས་རྒྱབ། ཆི་ལེན་རི་བོ་སོགས་སྐྱེས་ཁམས་སྲུང་སྐྱོབ་ལ་སྲུང་སྐྱོབ་བཟང་པོ་བྱས།