logo

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་དུ་སྐྱེ་ཁམས་ཁ་གསབ་ཚོད་ལྟ་ས་ཁུལ་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། དུས་ཚོད།:2008-05-03 ཀློག་གྲངས།:

   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་སྔོན་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་དང་མཚོ་སྔོན་པོའི་འབབ་རྒྱུད་སོགས་ཀྱི་སྐྱེ་ཁམས་ཁུལ་གཙོ་བོ་རྣམས་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། མགྱོགས་མྱུར་ངང་སྐྱེ་ཁམས་ཁ་གསབ་ནང་རྐྱེན་བཙུགས་ནས། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་བ་གཙོ་བོ་ལྔའི་གྲས་ཀྱི་གཅིག་ལ་བརྩིས་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱེད་རྒྱུ་རེད། འདིས་རང་ཞིང་དུ་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་བྱ་བ་དེ་དོན་དངོས་རང་བཞིན་གྱི་གོམ་པ་དང་པོ་སྤོས་པ་མཚོན་ཡོད།

     ཉིས་སྟོང་དྲུག་ལོ་ནས་བཟུང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཛུགས་པ་དང་འཐུསཚང་དུ་གཏོང་བར་ཞིབ་འཇུག་བྱེད་རྒྱུ་དེ་སྐྱེ་ཁམས་ཀྱིས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་གཙོ་བོར་བརྩིས་ནས། རྩ་འཛུགས་བྱས་ཏེ་འབྲེལ་ཡོད་རྨང་གཞིའི་ཞིབ་འཇུག་གི་བྱ་བ་མང་པོ་སྒྲུབ།

 


འབྲེལ་ཡོད་འོས་སྦྱོར།