༄༅༎མཚོ་སྔོན་ཞིང་ཆེན་གྱིས་སྐམ་འཚོ་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་ལ་སྲུང་སྐྱོང་དོ་དམ་ནན་མོ་བྱ་རྒྱུ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ།
དུས་ཚོད།:2020-03-03
ཀློག་གྲངས།:
ཟླ2པའི་ཚེས15ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ནས་ཤེས་གསལ་ལྟར་ན། སྐམ་འཚོ་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་དོ་དམ་ལ་སྔར་བས་ཤུགས་སྣོན་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་དོ་དམ་བྱེད་ཐབས་ཁག་བཅུ་བཟོས་ནས་རང་ཞིང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་ཉེན་ཁར་དོ་དམ་ཚོད་འཛིན་བྱ་ཆེད་ཡུན་རིང་གི་ལམ་སྲོལ་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་སྲུང་སྐྱོང་དང་འདུལ་སྦྱོང་གསོ་སྤེལ་ལ་སྲུང་སྐྱོང་དང་དོ་དམ་ནན་མོ་བྱ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ནགས་ལས་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་འཆར་འགོད་བཟོས་ནས་སྐམ་འཚོ་རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་ལ་སྲུང་སྐྱོང་དང་དོ་དམ་ནན་ཤོས་བྱས་ཡོད། འབྲེལ་ཡོད་ལག་རྩལ་སྒྲིག་སྲོལ་དང་ཚད་གཞི་གཟབ་ནན་གྱིས་བཟོས་ཏེ་ཚད་ལྡན་དུ་གཏོང་བར་ཤུགས་བསྣན་ནས་རི་སྐྱེས་སྲོག་ཆགས་འདུལ་སྦྱོང་གསོ་སྤེལ་དོ་དམ་ནན་ཤོས་ལག་བསྟར་བྱས་ཤིང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐམ་འཚོ་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱེད་པ་དང་། སྲོག་སྐྱོབ་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་བསྣན་པ། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་རྒྱུད་འཛིན་ཐོན་ཁུངས་ཀྱི་སྲུང་སྐྱོང་འཆར་འགོད་ཞིབ་འཇུག་གཏན་འབེབས་བཟོས་པ། མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་རྒྱལ་ཁབ་གཞི་རྒྱུའི་ཉར་མཛོད་སྔོན་ལ་འཛུགས་རྒྱུར་སྐུལ་འདེད་བཏང་ནས། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་རྒྱུད་འཛིན་ཐོན་ཁུངས་ལ་གཙོ་གནད་ཐོག་སྲུང་སྐྱོང་བྱས་ཡོད།
《མཚོ་སྔོན་ཞིང་ཆེན་གྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་བྱེད་ཐབས》མགྱོགས་མྱུར་གྱིས་བཟོས་ནས་རི་སྐྱེས་སྲོག་ཆགས་ཁྲིམས་ལྟར་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱ་རྒྱུར་སྒྲིག་འཛུགས་བྱས་ནས་སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་ཡིག་ཚགས་སོགས་འཐུས་སྒོ་ཚང་བར་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་དང་། ཁུལ།(གྲོང་ཁྱེར།) རྫོང་བཅས་ཀྱི་སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་སྡེ་ཁག་གི་མཐུན་སྦྱོར་ལམ་སྲོལ་དང་། སྐམ་འཚོ་རི་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ལ་ཁྲིམས་འཛིན་གསལ་འབྱེད་སྒྲིག་སྲོལ་བཙུགས་ཏེ། ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་རྒྱུར་ཆེད་དམིགས་འགུལ་སྐྱོད་སྒྲིག་འཛུགས་བྱེད་ཅིང་། རི་ཐང་སྐོར་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། སྐམ་འཚོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འབྱུང་རྩར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས།
གཞན་ཡང་། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡིས་ད་དུང་ཁྲིམས་ལུགས་འཛུགས་སྐྱོང་དང་། ཚན་རིག་དང་མཐུན་པའི་དོ་དམ། ཁྲིམས་ལྟར་ལྟ་སྐུལ། རི་ཐང་སྲུང་སྐྱོང་། འཚོ་སྡོད་ཁུལ་སྲུང་སྐྱོང་། འདུལ་སྦྱོང་གསོ་སྤེལ་ལ་ལྟ་སྐུལ་དོ་དམ། སྲོག་སྐྱོབ་སྲུང་སྐྱོབ། རིམས་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། གླེང་ཕྱོགས་དྲིལ་བསྒྲགས། རང་བྱུང་སློབ་གསོ་སོགས་ཕྱོགས་བཅུའི་ཐད་ནས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སྤྱི་དམངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་ནང་ཞུགས་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད། །

འབྲེལ་ཡོད་འོས་སྦྱོར།