༄༅།།མདོ་དབུས་མཐོ་སྒང་གི་རྩི་ཤིང་རྩ་ཆེན་སྐོར་ལས་སྒ་ཏིག་ནག་པོ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-07-03
ཀློག་གྲངས།:
སྒ་ཏིག་ནག་པོའི་ཕྱིའི་དབྱིབས་ཚུགས་དང་དེའི་སྐྱེ་གནས།
སྒ་ཏིག་ནག་པོ་ལ་མཐོ་རིས་དང་ཆུ་འདྲེན་ཟེར། སྒ་ཏིག་ནག་པོ་ནི་ལོ་མང་སྐྱེ་བའི་རྩྭ་ལྡུམ་གྱི་རིགས་ཤིག་སྟེ། མཐོ་ཚད་ལ་ལིས་སྨིས10ནས་ལིས་སྨིས20ཡོད། གཞུང་རྟ་ནི་བསེགས་སྐྱེ་བྱས་འདུག ཚིགས་མཚམས་རེ་ན་པད་འདབ་ལྟ་བུའི་ལོ་མ་ཚོགས་སྐྱེ་བྱས་ཡོད། ལོ་མ་སྐྱེ་བར་ཕྱི་ནང་བར་གསུམ་ཞེས་བང་རིམ་གསུམ་མཆིས། ཕྱི་རིམ་གྱི་ལོ་མ་ནི་ཁབ་དབྱིབས་ལྟར་སྣང་ཞིང་རིང་ཚད་ལ་ལིས་སྨིས1ནས་ལིས་སྨིས1.5མངའ། ལོ་མའི་སྟེང་དུ་སྤུ་ཐུང་ཁྱབ་ཅིང་ཁ་དོག་སྨག་སྐྱ་ཡིན། བར་རིམ་གྱི་ལོ་མའི་ཁ་དོག་ལྗང་སྐྱ་ཡིན་པ་དང་ཕྱི་རིམ་གྱི་ལོ་མ་ལས་ཅུང་ཐུང་། སྣེ་མོ་ཟླུམ་སྒོར་ཡིན། ལོ་མའི་སྟེང་དུ་ཧོ་སྨིས1ཙམ་གྱི་སྤུ་ཐུང་ཁྱབ་འདུག ནང་རིམ་གྱི་ལོ་མའི་དབྱིབས་ཚུགས་ནི་བེ་ཅོན་དང་མཚུངས་ཤིང་། སྤུ་འཇམ་ཕྲ་མོ་ཁྱབ་འདུག མེ་ཏོག་གི་ཡུ་བའི་སྟེང་དུའང་སྤུ་འཇམ་ཐུང་ངུ་ཁྱབ་ཡོད། མེ་ཏོག་གི་ཚོམ་བུ་རེ་ནི་མེ་ཏོག་ཆུང་ཆུང5ནས9ཡིས་གྲུབ་པ་ཡིན། མེ་ཏོག་གི་ཁ་དོག་དམར་སྐྱ་ཡིན། འབྲུ་གུ་ནི་ནག་པོ་ངོས་བཞི་ཅན་ཞིག་ལགས། མེ་ཏོག་བཞད་ཡུན་ནི་ལོ་རེའི་ཟླ4བ་ནས་ཟླ5བ་དང་། འབྲུ་གུ་ཐོགས་ཡུན་ནི་ལོ་རེའི་ཟླ6པའི་ནང་ཡིན། སྐྱེ་གནས་ནི་རྒྱ་མཚོའི་ངོས་ལས་སྨིས3600ནས་སྨིས4000ཡིས་མཐོ་བའི་མདོ་དབུས་མཐོ་སྒང་གི་ས་བྲག་གཉིས་ཀྱི་བར་མཚམས་དང་གད་ངོས་ཡིན། བོད་ཀྱི་སྨན་གཞུང་དུ་སྒ་ཏིག་ནག་པོ་ཞེས་བྱ་བ། །ས་བྲག་འདྲེས་པའི་ངོས་ལས་སྐྱེ། །རྩ་བ་རྒྱུས་པ་བཤད་པ་འདྲ། །ལོ་མ་སུམ་ཅུ་ཏིག་གི་དབྱིབས། །པད་འདབ་བྱ་སྤུ་ཡོད་པས་བསྐོར། །སྡོང་བུ་སྤོས་རིང་དམར་བོ་འདྲ། །རྩེ་མོར་མེ་ཏོག་དགུ་བདུན་འདུ། །མེ་ཏོག་དམར་བོ་བྱ་མིག་འདྲ། །གཡར་མོ་ཐང་དང་གཉིས་མེད་མཚུངས། །མེ་ཏོག་དབྱར་ཟླ་འབྲིང་བོར་འཁྲུངས། །སྔོན་མོ་ཆབ་འདྲེན་ཞེས་སུ་གྲགས །ཁ་ཅིག་སྤང་སྤོས་ཡིན་ཞེས་འཁྲུལ་ཞེས་བཀོད་ཡོད་པར་མ་ཟད། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་སྨན་སྣ་ངོས་འཛིན་བྱེད་སྐབས་དབྱར་མོ་ཐང་དང་བྲག་སྤོས་སུ་འཁྲུལ་མི་རུང་བ་དེའང་བརྗོད་ཡོད།
སྒ་ཏིག་ནག་པོ་སྲུང་སྐྱོབ་བྱེད་པའི་དོན་སྙིང་།
སྒ་ཏིག་ནག་པོ་ནི་མདོ་དབུས་མཐོ་སྒང་དུ་སྔོ་ལྗང་རྩི་ཤིང་ཐགས་སུ་བཀྲ་བ་གྲུབ་པའི་རྩྭ་སྣ་ཞིག་ཡིན། རང་གི་ཕ་ས་ཕ་ཡུལ་ལ་དམ་དུ་འཁྱུད་པའི་སྒ་ཏིག་ནག་པོ་དེ་དགུན་གྱི་གྲང་རེག་གིས་སེར་སྐེམ་དུ་བཏང་ནའང་། དཔྱིད་ཀྱི་དཔལ་མོ་མཐོ་སྒང་དུ་ཕེབས་པ་ན་དེ་མ་ཉིད་དུ་རང་གི་སྒེག་ཉམས་དེ་འཇིག་རྟེན་ལ་ངོམ་པ་ཡིན། དེང་རབས་ཚན་རིག་གིས་སྨན་དཔྱད་བྱས་པ་ལྟར་ན། སྒ་ཏིག་ནག་པོས་ལུས་ཚ་འཇོམས་པ་དང་ཆུ་སེར་སྐེམ་པ། རྨ་རུལ་སོས་པ། མཁལ་ནད་གསོ་བ་བཅས་བྱ་ཐུབ་པར་མ་ཟད། ལུས་ཡོངས་སྐྲངས་པའང་ཞུད་དུ་གཞུག་ཐུབ། བོད་ཀྱི་སྨན་གཞུང་དུ"སྒ་ཏིག་ནག་པོས་ལྷོག་པ་གསོ།།ཚ་བ་འཇོམས་དང་སྐེམ་པར་བྱེད"དང་། སྒ་ཏིག་ཚ་ཆུ་སེལ་བའི་མཆོག"ཅེས་པ་སོགས་ཀྱིས་སྒ་ཏིག་ནག་པོའི་སྨན་ནུས་དེ་གསལ་བར་བསྟན་འདུག ང་ཚོས་སྐྱེ་ཁམས་ཁོར་ཡུག་ཞན་པའི་མདོ་དབུས་མཐོ་སྒང་མཛེས་པར་བརྒྱན་ཅིང་འགྲོ་བ་མིའི་ལུས་ཕུང་བདེ་ཐང་ལ་ཕན་པའི་སྒ་ཏིག་ནག་པོ་དེ་སྣུམ་རྫ་བསྐྱོར་བསྐྱོར་བྱས་ཏེ་སྲུང་སྐྱོབ་བྱ་མི་ཐུབ་རུང་། སྒ་ཏིག་ནག་པོ་སྐྱེ་སའི་ཁོར་ཡུག་ལ་གཏོར་བརླག་བྱ་རུ་མི་གཞུག་པ་དེ་ངེས་པར་དུ་དང་ལེན་བྱ་ཐུབ་དགོས།

འབྲེལ་ཡོད་འོས་སྦྱོར།