༄༅།།ཆུ་ནག་ཁ་སྟེ། དར་ཆགས་རྒྱུ་མེད་པའི་མཐོ་སྒང་གི་ཆུ་མིག
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།
དུས་ཚོད།:2020-08-13
ཀློག་གྲངས།:





ཆུ་ནག་ཁ་ནི་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཁུལ་དང་ཨ་ཆེན་གངས་རྒྱབ་སྲུང་སྐྱོབ་ཁུལ་གཉིས་ཀྱི་འབྲེལ་མཚམས་ན་ཡོད་ཅིང་། ས་བབ་མཐོ་ཚད་ལ་ཧ་ལམ་སྨི4543.2ཡོད་པ་རེད། མདོ་དབུས་གཞུང་ལམ་དང་མདོ་དབུས་ལྕགས་ལམ་གཉིས་གནས་འདི་རུ་བརྒྱུད་ཡོད་ལ། ནག་ཆུ་ཁ་ནི་རི་བོ་ཁུ་ནུ་ལ་སླེབས་པའི་ས་ཚིགས་དང་པོ་ཡིན། ལམ་བགྲོད་པ་མང་པོ་ཞིག་ཀྱང་གནས་འདི་ནས་ངལ་གསོ་ཕྲན་ཙམ་བྱས་ཏེ་དར་ཆགས་རྒྱུ་མེད་པའི་ཆུ་ནག་ཁ་འདི་ལ་ལྟ་བཞིན་ཡོད།
ཆུ་ནག་ཁའི་ཆུ་ནི་བསིལ་ཞིང་ཞིམ་ལ། དྭངས་མར་གནས་པར་མ་ཟད། ད་དུང་མི་ལུས་ལ་མཁོ་བའི་འཚོ་བཅུད་རིགས་མང་པོ་ཞིག་འཛོམས་པས། ཁམ་གང་འཐུང་ན། ལུས་ཡོངས་བསིལ་བར་འགྱུར་ལ། ལུས་ཀྱི་ངལ་དུབ་ཡོད་ཚད་ཀྱང་འཕྲལ་མར་སེལ་བར་བྱེད།
ཆུ་ནག་ཁ་འདི་ས་བབ་མཐོ་ཁུལ་ན་ཡོད་ཀྱང་། ལོ་འཁོར་མོ་ཡུག་ལ་གཙང་ཞིང་དྭངས་པར་གནས་ཤིང་། བལྟས་ན་ཆུ་མིག་གི་གཏིང་ཡང་མཐོང་ཐུབ། ཆུ་མིག་གི་བཞུར་ཆུ་རྣམས་གངས་ཆུ་དང་འདྲེས་ནས་གཙང་པོའི་ནང་ལ་འབབ་བཞིན་ཡོད།
ཆུ་ནག་ཁའི་ནུབ་ཕྱོགས་ནི་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ཁུལ་ཡིན་ལ། གནམ་ངོ་དྭངས་དུས། ཆུ་མིག་གི་བྱང་ཤར་ཕྱོགས་སུ་བལྟས་ན། གངས་རི་མང་པོ་མཐོང་ཐུབ། དེ་ནས་ཤར་ལྷོའི་ཕྱོགས་སུ་བལྟས་ན། རི་བོ་ཁུ་ནུ་མཐོང་ལ། གངས་རིའི་ཞིང་ཁམས་ཆེན་པོ་ཞིག་གནས་དེ་ན་ཆགས་ཡོད།
ཨ་ཆེན་གངས་རྒྱབ་ཆུ་ནག་ཁའི་སྲུང་སྐྱོབ་ས་ཚིགས་ཀྱི་དང་བླངས་པས་བཤད་ན། སྔོན་ཆད། ཨ་ཆེན་གངས་རྒྱབ་ཏུ་རི་དྭགས་རྔོན་མཁན་ཤིན་ཏུ་མང་། ཁོ་ཚོ་མི་མེད་ཁུལ་དུ་སྐོར་ཞིབ་ལ་འགྲོ་དུས། ཉེན་ཁ་ཡང་ཆེན་པོ་ཡོད། ཡིན་ནའང་། ཁོ་ཚོ་སྔར་བཞིན་མི་མེད་ཁུལ་ལ་སྐོར་ཞིབ་ཏུ་ཕྱིན་ནས་སྐོར་ཞིབ་བྱེད་པ་དང་ལྐོག་རྔོན་མཁན་འཛིན་པ། རི་དྭགས་ལ་སྲོག་སྐྱོབ་བྱེད་པ་སོགས་མང་པོ་ཞིག་སྒྲུབ་བཞིན་ཡོད།
སྲུང་སྐྱོབ་ས་ཚིགས་ཀྱི་གཏམ་རྒྱུད་འདི་འཇིག་རྟེན་གཞན་པ་ཞིག་ནས་བྱུང་བ་དང་འདྲ་ལ། གྲང་ངར་ཆེ་བ་འཇིག་རྟེན་གྱི་མཐའ་མཚམས་ན་མཆིས་པ་ལྟ་བུའི་ཆུ་ནག་ཁ་ནས། ནས་ཆང་དཀར་ཡོལ་གང་འཐུང་ནས་ལུས་ཀྱི་གྲང་རེག་ཕར་བསྐྲད་པ་ན། མཁུར་ཚོས་དམར་པོའི་འོག་ཏུ་ཡོད་པ་ནི་ཆུ་ནག་ཁའི་ངོ་མཚར་དང་མཛེས་སྡུག་ཡིན།
འབྲེལ་ཡོད་འོས་སྦྱོར།