༄༅།།རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་གྱི་ནགས་རྩྭའི་བྱ་བ་ལ་གཟེངས་བསྟོད་བྱས།
རྩོམ་པ་པོ།:རིག་འཛིན་ལྷ་མོས་བསྒྱུར།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-01-28
ཀློག་གྲངས།:
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས21ཉིན། ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས2020ལོའི་གཙོ་གནད་ལས་དོན་ཁྲོད་གྲུབ་འབྲས་ལེགས་པའི་སྡེ་ཁག་ལ་གཟེངས་བསྟོད་བྱས། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ཀྱི་ལས་དོན་འབུར་དུ་ཐོན་པ་དང་། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པས། “2020ལོའི་ནགས་རྩྭའི་གཙོ་གནད་ལས་དོན་གྲུབ་འབྲས་འབུར་ཐོན་སྡེ་ཁག”གི་གཟི་བརྗིད་མཚན་སྙན་ཐོབ།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཚད་མཐོའི་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་མུ་མཐུད་ཇེ་བརྟན་དུ་བཏང་ནས“དྭངས་གཙང་ཆུ་ཆེན་ཤར་དུ་བཞུར་པར”ཁག་ཐེག་བྱས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྐྲུན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དར་སྲོལ་གསར་པ་སྐྲུན་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད།
གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2020ལོ་ནས2022ལོའི་བར)》བཟོས་ཏེ་ཕྱོགས8ཀྱི་གལ་ཆེའི་ལས་འགན42རྩ་འཛུགས་ལག་བསྟར་བྱས་པ་དང་། 《རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་སྐོར་གྱི་མཛུབ་ཁྲིད་བསམ་འཆར》རྒྱལ་ཡོངས་སུ་ཐོག་མར་བཏོན་ཞིང་དོན་འཁྱོལ་དངོས་འབེབས་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་བསྲུང་བྱའི་སྒྲིག་སྲོལ་ཡོད་པ་དང་གཞི་འཛིན་སའི་སྒྲིག་ཁྲིམས་ཡོད་པར་ཁག་ཐེག་བྱས།
“‘ལོ་ལྔའི་འཆར་གཞི་བཅུ་གསུམ་པའི’རིང་། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་བཅུའི་ཕྱོགས་བསྡུས་དཔྱད་འཇོག་ཁྲོད་མདུན་གྲལ་དུ་སླེབས་ཡོད། སྒྲིག་སྲོལ་ལམ་ལུགས་གསར་གཏོད་དང་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་ལེགས་གཏོང་སོགས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་གྲུབ་འབྲས་གལ་ཆེན་ཐོབ་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ལས་དོན་ཐད་འདྲ་བཟོ་བྱས་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་བསགས་ཤིང་མཚོ་སྔོན་གྱི་བློ་གྲོས་དང་མཚོ་སྔོན་གྱི་ཇུས་གཞི་བཏོན་ཡོད།” མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུས་ཀྲང་ལིས་ཞའོ་ནན་གྱིས་དེ་ལྟར་བཤད། །

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མཚོ་སྔོན་གྱིས་ལྷོད་གཡེང་གཏན་ནས་བྱས་མྱོང་མེད། ད་ལྟའི་མཚོ་སྔོན་ལ་གནམ་སྔོ་ས་ལྗང་དང་མཛེས་སྡུག་སྐྱེ་ཁམས་ཡོད་པ་དང་། འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི་མཐོ་སྒང་གི་འདམ་ར་དང་མཐོ་གྲང་རྩྭ་ཐང་། སྡོང་ཕྲན་ནགས་ཚལ། ནགས་ཚལ་སོགས་སྐྱེ་ཁམས་མ་ལག་ཡོད། ཆུ་ངོས་དང་འདམ་ར། ནགས་ཚལ་དང་རྩྭ་ཐང་སོགས་སུ་སྔོ་ལྗང་བར་སྟོང་གི་བསྡུར་ཚད70%ལས་བརྒལ་ཡོད། 2015ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལསཞུགས་ཚོད་ལྟ་བྱས་ཚུན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཇུས་འགོད་དང་སྐུལ་འདེད་བཏང་ཡོད།


“‘ལོ་ལྔའི་འཆར་གཞི་བཅུ་གསུམ་པའི’རིང་། མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་གནས་བཅུའི་ཕྱོགས་བསྡུས་དཔྱད་འཇོག་ཁྲོད་མདུན་གྲལ་དུ་སླེབས་ཡོད། སྒྲིག་སྲོལ་ལམ་ལུགས་གསར་གཏོད་དང་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་ལེགས་གཏོང་སོགས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་གྲུབ་འབྲས་གལ་ཆེན་ཐོབ་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ལས་དོན་ཐད་འདྲ་བཟོ་བྱས་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་བསགས་ཤིང་མཚོ་སྔོན་གྱི་བློ་གྲོས་དང་མཚོ་སྔོན་གྱི་ཇུས་གཞི་བཏོན་ཡོད།” མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུས་ཀྲང་ལིས་ཞའོ་ནན་གྱིས་དེ་ལྟར་བཤད། །
འབྲེལ་ཡོད་འོས་སྦྱོར།