logo

༄༅།།མཚོ་སྔོན་གྱི་བརླན་ས་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-02-05 ཀློག་གྲངས།:
      བརླན་ས་དང་ནགས་ཚལ། རྒྱ་མཚོ་གསུམ་ནི་སའི་གོ་ལའི་སྐྱེ་ཁམས་མ་ལག་ཆེན་མོ་གསུམ་ཞེས་ཟེར། བརླན་ས་ནི་སའི་གོ་ལའི་གློ་བ་ཡིན་ལ། བཏུང་ཆུའི་འབྱུང་ཁུངས་དང་དངོས་རིགས་ཀྱི་བང་མཛོད་དྭངས་མ་ཡིན། བརླན་ས་ནི་དུས་བྱའི་ངལ་གསོ་ཡུལ་ཡིན་ལ། བརླན་ས་ནི་བཏུང་ཆུའི་བདེ་འཇགས་ཀྱི་སྐྱེ་ཁམས་གནས་ཡུལ་ཡིན། 
ངང་དཀར་འགའ་ཆན་ཙི་མཚེའུ་རུ་རྩེད་འཇོར་རོལ་གྱིན་པ། 
རྨ་སྟོད་རྫོང་གི་ཝ་གཞོང་སྐར་མཚོ། 
རྨ་སྟོད་རྫོང་གི་མཚམས་སྤྲིན་འོག་གི་མཚེའུ། 
      མཛེས་སྡུག་ལྡན་པའི་བརླན་ས། སྐྱེ་ཁམས་ལྗོངས་རྣམ། རང་བྱུང་ཁམས་ཀྱི་རང་སྒྲ། རི་སྔོ་ཆུ་དྭངས། ང་ཚོས་ཐུན་མོང་གིས་སྲུང་སྐྱོང་བྱེད། 
 མཚོ་སྔོན་པོའི་བྱ་གླིང་བརླན་ས། 
ཁྲི་ཀ་རྫོང་གི་རྨ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་། 
ཁྲི་ཀ་རྫོང་གི་རྨ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་། 
      མཚོ་སྔོན་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཆུ་ཆེན་གསུམ་གྱི་འབྱུང་ཡུལ་ཡིན། བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི814.36ཡོད་ལ་རྒྱལ་ཡོངས་ཀྱི་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི15.19%ཟིན་ཏེ་རྒྱལ་ཡོངས་ཀྱི་དང་པོ་ཡིན། མཁན་པའི་རྩྭ་རིགས་དང་དྲེག་རྩྭའི་རིགས་གཙོ་ཡིན་པའི་འདམ་རའི་བརླན་སའི་རིགས་ནི་མཚོ་བོད་མཐོ་སྒང་གི་ཐུན་མིན་ཁྱད་ཆོས་སུ་གྱུར་ཡོད། བརླན་སའི་སྐྱེ་ཁམས་མ་ལག་ལ་ཁྱད་འཕགས་རང་བཞིན་དང་ཉམས་ཞན་རང་བཞིན་ལྡན་ལ། ཕྱི་ཡུལ་གྱི་གནོད་འཚེ་ཕོག་སྐབས་གནོད་འགོག་ནུས་པ་དང་རང་གསོའི་ནུས་པ་ཞན་པས་གལ་སྲིད་གནོད་འཚེ་ཕོག་ན་སླར་གསོའི་དཀའ་ཁག་ཧ་ཅང་ཆེ་བས་བརླན་སར་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། 
མདོ་ལ་རི་བོའི་རྒྱལ་ཁབ་རང་བྱུང་སྤྱི་གླིང་། 
      སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ་དང་བསྟུན། མཚོ་སྔོན་གྱི་བརླན་སའི་ནང་འཚོ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་ཇེ་མང་དུ་སོང་བ་དང་། ཕྲ་ཕུང་ཆུན་གྱི་སྐྱེ་དངོས་དང་སོན་བཏུན་རྩི་ཤིང་འབོར་ཆེན་གསར་དུ་བྱུང་བ་མ་ཟད། བྱ་རིགས་དང་ཉ་རིགས། གཉིས་གནས་སྲོག་ཆགས་མང་པོའང་གསར་དུ་ཐོན་ཡོད།  
ཧུའུ་ཀྲུའུ་རྫོང་ཁོངས་ཀྱི་བརླན་སའི་སྤྱི་གླིང་། 
ཡུལ་ཤུལ་ཁུལ་གྱི་རོང་པོ་བརླན་ས། 
      མིག་སྔར། མཚོ་སྔོན་དུ་རྒྱལ་སྤྱིའི་བརླན་ས་གལ་ཆེན3དང་བརླན་ས་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ8དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང19། ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན32བཅས་ཡོད། རྒྱལ་ཁབ་སྤྱི་གླིང་གི་གཙོར་བྱས་ཤིང་བརླན་སའི་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྨང་གཞི་ཡིན་པ་དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཁ་གསབ་བྱས་པའི་བརླན་སའི་སྲུང་སྐྱོབ་ཁུལ་གྱི་མ་ལག་ཅིག་ཐོག་མར་གྲུབ་ཡོད། བརླན་སའི་སྲུང་སྐྱོབ་བྱེད་ཚད64.32%ཟིན་ཞིང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་ཡོད། གསུམ་ཆའི་གཉིས་ཙམ་གྱི་བརླན་ས་གལ་ཆེན་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད། 
ཟི་ལིང་ཉིན་ཧུའུ་བརླན་སའི་སྤྱི་གླིང་གི་ངང་དཀར། 
རྨ་སྟོད་རྫོང་ཁུལ་གྱི་བརླན་ས་ཞིག 
      2021ལོའི་ཟླ2པའི2ཉིན་ནི་འཛམ་གླིང་བརླན་སའི་ཉིན་མོ་ཡིན། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡིས་སྤྱི་དམངས་ཀྱི་བརླན་སར་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གཅིག་ཏུ་བསྒྲིལ་ནས། སྤྱི་དམངས་ཉིད་བརླན་ས་སྲུང་སྐྱོབ་ཀྱི་ནང་ཞུགས་མཁན་དང་ལག་བསྟར་མཁན། སྲུང་སྐྱོབ་མཁན་བཅས་བྱེད་དགོས་པའི་འབོད་སྐུལ་གནང་། ། 
འབྲེལ་ཡོད་འོས་སྦྱོར།