logo

༄༅། །གཏེར་ལམ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་རིས་གསར་བ་བྲིས།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-24 ཀློག་གྲངས།: 18445
       ཉེ་བའི་ལོ་འགའི་ཚུན་ལ། གཏེར་ལམ་རྫོང་གིས་རི་སྔོ་ཆུ་དྭངས་འཛུགས་སྐྲུན་དང་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བྱས་ཏེ། རི་སྔོ་ཆུ་དྭངས་བེད་སྤྱོད་བྱེད་པའི་ཕྱོགས་ཀྱི་འདུ་ཤེས་ནན་ཏན་སྒོས་བཞེངས་སྐྲུན་བྱེད་པ་དང་ལེའུ་གསར་བ་རྩོམ་པར་འབད་དེ། སྐྱེ་ཁམས་ལེགས་ཤིང་ཐོན་ལས་དར་ལ། ནགས་ཚལ་གྱིས་ཕྱུག་པའི་དམིགས་འབེན་མངོན་འགྱུར་བྱུང་ནས། རྫོང་ཡོངས་ཀྱི་སྐྱེ་ཁམས་བར་སྟོང་གི་སྤུས་ཀ་དོ་མཉམ་པ་དང་། རྫོང་ཁོངས་ཀྱི་ལྗོངས་ཁུལ་སྤུས་ལེགས་སུ་མཐོར་འདེགས་ཕྱིན་ཏེ། ལྗང་མདོག་ནི་མཚར་སྡུག་གི་གཏེར་ལམ་དང་དྲོ་སྐྱིད་ཀྱི་གཏེར་ལམ་གྱི་ཁྱད་རྟགས་སུ་མངོན།
       ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་དར་སྤེལ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་དར་རྒྱས་ཀྱི་མངགས་འགན་ཡིད་ལ་འཛིན་རྒྱུ་དེ་གཏེར་ལམ་རྫོང་གིས་དུས་ཡུན་རིང་བོར་འཚོལ་ཞིབ་དང་ལག་ལེན་བྱེད་པའི་དམིགས་འབེན་ཡིན་ལ། འབད་འཐབ་ཀྱི་རྒྱུན་མ་ལྷོད་པར་རྒྱལ་ཁོངས་ལྗང་སྒྱུར་དང་བྱེ་འགྱུར་སྔོན་འགོག་དང་བཅོས་སྐྱོང་བྱེད་པ། བརླན་ས་སྲུང་སྐྱོང་དང་སླར་གསོ་བྱེད་པའི་གཙོ་གནད་བྱ་བར་འབད་པ་ལ་བརྟེན་ནས། གཏེར་ལམ་རྫོང་གིས་རི་སྔོ་ཆུ་དྭངས་སྲུང་སྐྱོང་དང་གསར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་པས། སྐྱེ་ཁམས་སྐྱ་བོ་ནས་སྐྱེ་ཁམས་ལྗང་མདོག་གི་ལམ་བུར་བསྐྱོད་ཅིང་། རྫོང་ཡོངས་ཀྱི་རི་བོ་སྔོ་ཞིང་ཆུ་བོ་དྭངས་པའི་སྟོན་གྲངས་མུ་མཐུད་མཐོ་རུ་ཕྱིན་ཡོད་ལ། ནགས་ཚལ་དང་རྩྭ་ཐང་གི་ཁྱབ་རྒྱ་ཇེ་ཆེར་འགྲོ་བའི་ཚད་མཐོ་རུ་སོང་སྟེ། མང་ཚོགས་ཀྱི་ལྗང་མདོག་གི་སྐྱེ་ཁམས་ལ་རོལ་མྱོང་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན།
       གཏེར་ལམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སུང་ཧྭའེ་ཧྲིན་གྱིས་བཤད་རྒྱུར། གཏེར་ལམ་རྫོང་གིས་རྒྱལ་ཁོངས་ལྗང་སྒྱུར་གྱི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་རོགས་འདེགས་བྱས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། རྫོང་ཁོངས་ཡོངས་དང་སྡེ་བ་རིམ་པ། བྱེ་ཐང་དང་མི་མེད་ལུང་སྟོང་སོགས་སུ་རྒྱལ་ཁོངས་ལྗང་སྒྱུར་ལོ་ངོ་གསུམ་ལ་བྱེད་རྒྱུ་རྫོང་ཡོངས་ལ་སྐུལ་སློང་བྱས་ཏེ་སྡོང་འཛུགས་ནགས་སྐྲུན་བྱས་པ་ཡིན་ལ། འདི་ལྟར་བྱས་པའི་གོ་རིམ་ཁྲོད་ད་ལྟ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།
       གཏེར་ལམ་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་སི་ཀྲིན་ཧོན་གྱིས་བཤད་རྒྱུར། གཏེར་ལམ་རྫོང་གིས་རིམ་བསགས་ལྟར་ན། ནགས་སྲུང་འཛུགས་སྐྲུན་དང་བྱེ་འགོག་བྱེ་བཅོས་འགན་འཁྲི་ས་མུའུ་ས་ཡ་གཅིག་འབུམ་གཅིག་ཁྲི་བརྒྱད་ཡོངས་འགྲུབ་བྱུང་ལ། རྩྭ་ཐང་བཀག་སྡོམ་བྱས་ཚད་ས་མུའུ་ས་ཡ་གཉིས་འབུམ་བརྒྱད་ཁྲི་དྲུག་དང་སྟོང་དགུ་ཡིན་པ་དང་། རྩྭ་ཐང་ཞན་འགྱུར་ལེགས་བསྒྱུར་བྱས་ཚད་ས་མུའུ་འབུམ་གཅིག་ཁྲི་གཉིས་ཡིན། རྩྭ་ཐང་ལ་གནོད་པའི་སྐྱེ་དངོས་འགོག་སྲུང་བྱས་ཚད་ས་མུའུ་ཡ་ས་བཞི་འབུམ་བརྒྱད་ཡིན་པས། བྱེ་ཐང་དང་མྱ་ངམ་ཐང་ནས་ལྗང་མདོག་གི་ཡུལ་གྲུ་རུ་གྱུར་བའི་ལོ་རྒྱུས་འཕེལ་འགྱུར་བྱུང་ཡོད་ཟེར།
       ལྗང་མདོག་ནི་རང་བྱུང་ཁམས་ཆེན་མོའི་མ་གདན་ཡིན་ལ། གཏེར་ལམ་རྫོང་གི་འབད་འཐབ་དམིགས་འབེན་གཙོ་བོའང་ཡིན། ཉེ་བའི་ལོ་འགའི་ཚུན་ལ། གཏེར་ལམ་རྫོང་གིས་ལྗང་མདོག་སྲུང་སྐྱོབ་དང་འཕར་སྣོན། དོ་དམ། བེད་སྤྱོད། བདག་གཅེས་བཅས་ལ་མཐུན་སྦྱོར་དང་སྐུལ་འདེད་བྱས་ཏེ། ནགས་ལས་སྤུས་ལེགས་འཕེལ་རྒྱས་སུ་སོང་ཞིང་། སྐྱེ་ཁམས་སྲུང་སྐྱོང་དང་ནགས་ལས་ཕན་འབྲས་ཀྱིས་མང་ཚོགས་ལ་ཕན་ཁེ་བསྐྲུན།
       གཏེར་ལམ་རྫོང་ནགས་ལས་དང་རྩྭ་ཐང་ས་ཚུགས་ཀྱི་མགོ་གཙོ་ཚའེ་ཅན་མིན་གྱིས་བཤད་རྒྱུར། རྫོང་དང་ཞང་སྡེ་བ་རིམ་པ་གསུམ་གྱི་ནགས་ཚལ་རྩྭ་དཔོན་ལམ་ལུགས་ཀྱི་འགན་འཁྲི་མ་ལག་འཐུས་ཚང་བཙུགས་པས། ད་ལྟ་ང་ཚོར་ནགས་ཚལ་རྩྭ་དཔོན་མི་བརྒྱ་དང་རེ་དྲུག་ཡོད་ལ། དྲ་མིག་ཅན་གྱི་དོ་དམ་པ་དྲུག་བརྒྱ་གྱ་བདུན་ཡོད་པས། ངེས་པ་དོན་གྱིས་རི་ལ་དོ་དམ་བྱེད་མཁན་ཡོད་ལ། ནགས་ལ་སྲུང་སྐྱོང་བྱེད་མཁན་ཡོད་པ་དང་། ས་ལ་སོ་སྲུང་བྱེད་མཁན་ཡོད་པའི་འགན་འཁྲི་དོན་འཁྱོལ་བྱུང་ཡོད་ཟེར།
       གཏེར་ལམ་རྫོང་གི་སྡོད་དམངས་ཀྲན་ཐེན་གྱིས་བཤད་རྒྱུར། ད་ལྟའི་སྐྱེ་ཁམས་ཁོར་ཡུག་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་འཕོ་འགྱུར་བྱུང་ཡོད། དུས་ཆེན་ངལ་གསོའི་སྐབས་སུ་ང་ཚོ་རྫོང་ཁོངས་མཐའ་འཁོར་དུ་སོང་ན་མིག་ལམ་དུ་མཐོང་བ་ནི་ལྗང་མདོག་ཡིན་པས། སེམས་ལ་དགའ་སྣང་སྟེར་ཟེར།
གསར་འགོད་པ། བསོད་རྡོ།
འབྲེལ་ཡོད་འོས་སྦྱོར།