logo

ཀོས་ནན་གྱི་ས་ཆ་ལྗང་འགྱུར་བྱ་བའི་ལེའུ་གསར་བ།

རྩོམ་པ་པོ།: ཡོང་ཁུངས།:ཀོས་ནན་སྲིད་དོན། དུས་ཚོད།:2023-03-02 ཀློག་གྲངས།:
       ཟླ2པའི་ཚེས24ཉིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའི«རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་མ་ལག་གི་སྔོན་ཐོན་ཐུན་མོང་དང་། ངལ་རྩོལ་དཔེ་བཟང་ཅན། སྔོན་ཐོན་ལས་སྒྲུབ་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན»(མི་སྤྱི་པུའུ་ཡིས་འགྲེམས་སྤེལ་བྱས་པའི(2023)ཨང12པ།)པར་འགྲེམས་བྱས། ཀོས་ནན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ལ་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མང་ཆུ་གྲོང་རྡལ་གྱི་བདག་སྐྱོང་བ་ཧོ་ཧྲི་ཡན་ལ་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཁོངས་གཏོགས་ཀྱི་ངལ་རྩོལ་དཔེ་བཟང་བའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
       ཉེ་བའི་ལོ་འགའི་རིང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན། ཁུལ་ནགས་ལས་ཅུས་རྒྱབ་སྐྱོར་ཤུགས་ཆེན་འོག ཀོས་ནན་རྫོང་གི་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ལྟེ་བའི་ལས་འགན་དང་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ལྗང་མདོག་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་གཙོ་གནད་ནགས་ལས་སྣོད་བཅུད་འདུ་འགོད་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟུང་འབྲེལ་དང་། སྲིད་གཞུང་གི་མཐུན་སྦྱོར་དང་སྤྱི་ཚོགས་ཞུགས་པ་ཟུང་འབྲེལ། ལས་གྲྭའི་སྣེ་ཁྲིད་དང་བྱེ་འགོག་བྱེ་བཅོས་ཀྱི་སྙིང་སྟོབས་ཟུང་འབྲེལ་བྱས་ནས། བྱེ་འགོག་བྱེ་བཅོས་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བཅས་མཐའ་འཁྱོངས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་གཏོང་བ། དམག་དམངས་མཐུན་སྒྲིལ། གནམ་སར་འཐབ་པ་བཅས་ཀྱི་ཀོས་ནན་བྱེ་བཅོས་སྙིང་སྟོབས་ཀྱིས་གོང་རིམ་སྡེ་ཚན་གྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད།
       མིག་སྔར་ཀོས་ནན་རྫོང་གིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར4.1བཏང་ནས་རྒྱལ་ཁབ་ས་ཆ་ལྗང་འགྱུར་སྲ་བརྟན་མཐོར་གཏོང་གི་ལས་འགན་མུའུ་ཁྲི100.6ལེགས་སྒྲུབ་བྱས་ཡོད། རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད་ཀྱི་འཆར་གཞིའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས། ཁུལ་གྱིས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་སྲ་བརྟན་དུ་གཏོང་བའི་ལོ་གསུམ་བྱ་སྤྱོད་དམིགས་ཚད་ལས་འགན་གྱི135%ལེགས་སྒྲུབ་བྱས། ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཞི་ཁྱོན་ཆེ་བའི་འོས་འགན་སྡོང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་བ། ལོ་གསུམ་གྱི་རིང་ལ་ཁྱོན་བསྡོམས་སྡོང་ཕྲུག་སྣ་ཚོགས་ཁྲི298བཙུགས། དུས་མཚུངས་སུ་ནགས་ཚལ་དང་རྩྭའི་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། མི་ཡིས་འགོག་པ། ལག་རྩལ་གྱིས་འགོག་པ། དངོས་པོས་འགོག་པ་བཅས་གཞི་གཅིག་ཅན་གྱི་སྐུལ་སྤེལ་ལག་བསྟར་བྱས། ཉེ་བའི་ལོ་ཤས་རིང་རྫོང་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཆེན་པོ་བྱུང་མེད། རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད་བརྒྱ་ཆ19.24%ཟིན་པ། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད65.82%ཟིན་པ་དང་། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་གྱི་གནས་ཚུལ་ལ་རིམ་བཞིན་བློ་སྦྱོང་དང་སླར་གསོ་བྱུང་བ། རྨ་ཆུའི་སྟོད་རྒྱུད་ཀྱི་ཀོས་ནན་དུམ་བུའི་ས་ཆུ་ཤོར་རྒྱུ་བཀག་འགོག་ཅུང་ཡག་པོ་ཐུབ་པ། ས་ཆ་ཁག་ཅིག་གི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཐུན་མོང་ཐོག་སྐྱེ་ཁམས་མཆོག་འགྱུར་འཛུགས་སྐྱོང་བྱ་རྒྱུ་དེ་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཤིག་ཏུ་གྱུར་ཡོད།
       རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་རྒྱལ་ཁབ་ས་ཆ་ལྗང་འགྱུར་ལས་དོན་ཁྲོད་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རྣམ་གྲངས་ཁག་ལ་སྔོན་ལ་ས་གནས་དེ་གའི་སྡོང་ཕྲུག་སྤྱོད་རྒྱུ་དང་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པར་མ་ཟད། ས་གནས་དེ་གའི་མང་ཚོགས་སྐྱེ་ཁམས་འཛུགས་སྐྲུན་བཟོ་གྲྭའི་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ནས་ཨར་ལས་ཚན་པར་ཀོས་ནན་དང་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད། ཉེ་བའི་ལོ་གསུམ་རིང་། རང་རེའི་རྫོང་གི་རྒྱལ་ཁབ་ས་ཆ་ལྗང་འགྱུར་བཟོ་གྲྭའི་ས་གནས་དེ་གའི་ལས་མི་སྤྱོད་ཚད་མི་ཐེངས9000ལྷག་ཙམ་ཟིན་པ་དང་། ཡོང་འབབ་སྒོར་ཁྲི5640ལྷག་ཙམ་བྱུང་ནས་མང་ཚོགས་ཀྱིས་ཕྱི་རུ་སོང་ནས་ཡོང་འབབ་བཙལ་ནས་འབབ་འཕར་ཡོང་བ་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
       གོམ་སྟབས་རྗེས་མར། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་ད་རེས་གཟེངས་བསྟོད་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱས་ནས། ཚན་རིག་དང་མཐུན་པར་ལྗང་སྒྱུར་བྱ་རྒྱུའི་བྱ་བའི་གཙོ་གནད་མཐའ་འཁྱོངས་དང་། གཞི་ཁྱོན་ཆེ་བའི་བྱེ་འགོག་བྱེ་བཅོས་དང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་སོགས་ཀྱི་བྱ་བའི་གཙོ་གནད་ལ་དམིགས་ནས། ནགས་བཟོའི་ལྗང་འགྱུར་དང་རྨོ་ཞིང་སྲུང་སྐྱོང་བར་དང་། ནགས་བཟོའི་ལྗང་འགྱུར་དང་གྲོང་གསེབ་དར་སྤེལ་བར་དང་། ལྗང་འགྱུར་མང་གཏོང་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བར་གྱི་འབྲེལ་བ་གཅིག་འདོམས་ཐག་གཅོད་ཡག་པོ་བྱས་ནས། ལོ་འཁོར་འདིའི་རྒྱལ་ཁབ་ས་ཆ་ལྗང་འགྱུར་ཇུས་གཞི་འཆར་འགོད་བཟོ་བ་དང་། ནགས་རྩྭའི་སྤུས་ལེགས་འདུ་འགོད་ཁག་ཅིག་རྒྱུན་མཐུད་ངང་གཏོད་པ། ལྗང་འགྱུར་གྱི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། ལྗང་འགྱུར་གྱི་རིམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ནས། མཚར་སྡུག་ཀོས་ནན་བསྐྲུན་ཆེད་ནགས་རྩྭའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་འོས་སྦྱོར།