logo

ཧྲུའུ་ཅི་ལིས་ཀང་གིས་མཚོ་སྔོན་པོའི་ཡུལ་སྐོར་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2023-05-06 ཀློག་གྲངས།:
       ཉེ་སྔོན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་མཚོ་སྔོན་པོའི་ལྷོ་ངོགས་སུ་བསྐྱོད་དེ་ཡུལ་སྐོར་ཞབས་ཞུའི་འགན་ལེན་བྱ་བར་ཞིབ་བཤེར་དང་རྟོག་ཞིབ་བྱས་པ་རེད།
       མཚོ་སྔོན་པོའི་དཔེ་སྟོན་ཁུལ་བཏོད་པའི་དམིགས་ཚད་དང་ཡུལ་སྐོར་བྱེད་ཚད་ཇེ་མང་དུ་འགྲོ་བའི་དུས་ཚིགས་ཀྱི་དགོས་མཁོ་དང་དངོས་ཡོད་གནས་ཚུལ་ལ་འགན་ལེན་ནུས་ལྡན་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག ལས་གཉེར་མི་སྣ་གསོ་སྦྱོང་། ཡུལ་སྐོར་དྲིལ་སྒྲོག་ཁྲིད་སྟོན། ཡུལ་སྐོར་རླངས་འཁོར་དོ་དམ་བཅས་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ་མཚོ་སྔོན་པོའི་མཐའ་སྐོར་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཐེག་ནུས་མུ་མཐུད་དུ་ཆེ་རུ་གཏོང་དགོས་པ་དང་། བཀོད་འདོམས་པུའུ་ཡིས་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་བྱ་བའི་ཇུས་གཞི་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་བདེ་འཇགས་ཐད་འགན་ལེན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།
       རྟ་ནག་མ་གྲོང་རྡལ་སོགས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་བྱ་རྒྱུའི་ཐད་ལིས་ཀང་གིས་གཙང་སེལ་གྱི་ཇུས་འགོད་གཞི་ཁྱོན་དང་ཁྱབ་ཁོངས། གད་སྙིགས་གཙང་སེལ་གྱི་མ་ལག་འཁོར་སྐྱོད་དང་། དེ་བཞིན་གད་སྙིགས་བསྡུ་རུབ་དང་སྐྱེལ་འདྲེན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་མི་འདང་ས་དང་གནད་དོན་བཏོན་ཏེ། ཁུལ་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་ལ་ཚད་ལྡན་དོ་དམ་གྱི་བྱ་ཐབས་བཟོས་ནས་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འཚོ་བའི་གད་སྙིགས་ཐག་གཅོད་ཀྱི་ཐབས་ཇུས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་འོས་སྦྱོར།