logo

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་ངུར་བ་ཐོག་མར་མཐོང་།

རྩོམ་པ་པོ།: ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2023-05-17 ཀློག་གྲངས།:
       ཉེ་ཆར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གན་རྒྱ་བཞག་པའི་པར་ལེན་མཁན་ཀྲོའུ་ཡོན་ཧྥུང་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མདོ་ལ་ཡུག་ཁུལ་དུ་ངུར་བ་གཉིས(ཕོ་མོ་གཉིས)མཐོང་བ་དེ་ནི་མདོ་ལ་རིང་མོའི་ཡུག་ཁུལ་དུ་སྲོག་ཆགས་འདིའི་རིགས་ཐོག་མར་བྱུང་བ་ཞིག་རེད།
མདོ་ལ་རྫོང་མཁར་གྱི་མི་བཟོས་མཚེའུ་ནང་དུ་ངུར་བ་ཆ་གཅིག་མཐོང་། ཀྲོའུ་ཡོན་ཧྥུང་གིས་པར་བླངས།
       ངུར་བའི་གཟུགས་གཞིའི་རིང་ཚད་ལ་ལི་སྨི66ཡས་མས་ཡོད་པ་དང་ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ1.5ཡས་མས་ཡོད། ལུས་ཡོངས་ཀྱི་སྒྲོ་མདོག་ཁམ་སེར་དང་སྐེ་མཇིང་དང་སྤྱི་གཙུག་སེར་སྐྱ་ཡིན། ཕོ་བྱའི་སྐེ་སྐོར་ན་ནག་ཐིག་དཀྲི་གཅིག་ཡོད། གཤོག་ཟུང་སྟེང་གི་སྒྲོ་ཐུང་དག་གི་ཁ་དོག་དཀར་བོ་ཡིན་པ་དང་། གཤོག་སྣེ་ནག་པོ་ཡིན། ལུས་སྟོད་ཀྱི་རྒྱབ་གཞུང་དང་སོག་མགོ་ནག་སེར་ཡིན་ལ། ལུས་སྨད་ཀྱི་རྒྱབ་གཞུང་དམར་སེར་ཡིན་པར་མ་ཟད། དེའི་སྟེང་ལ་ཁྲ་ཐིག་ནག་སེར་བབས་ཡོད། རྔ་མའི་ཀླད་ངོས་ཀྱི་སྒྲོ་སྤུ་ནག་པོ་ཡིན། བྲང་ངོས་དང་གསུས་ངོས། རྔ་མའི་འོག་ངོས་སྨུག་ནག་ཡིན། བྱ་སུག་དང་བྱ་སྡེར། བྱ་མཆུ་བཅས་ནག་པོ་ཡིན། མོ་བྱའི་སྐེ་སྐོར་ན་ཁྲ་ཐིག་ནག་པོ་མེད་ཅིང་མགོ་བོ་སྐྱ་མདོག་ཡིན། ངུར་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཡིན་ལ། གཙོ་བོ་རི་ཁུལ་གྱི་ནགས་ཚལ་ལུང་གཞུང་དང་། འདམ་རྫིང་། ན་ཐང་། ཆུ་ཕྲན། ཡངས་ཤིང་རྒྱ་ཆེ་བའི་མཚེའུའི་ནང་འཚོ་གནས་བྱེད་པ་དང་། འཚོ་བའི་ཁོར་ཡུག་དང་ཆུའི་སྤུས་ཚད་ལ་རེ་བ་ཧ་ཅང་མཐོན་པོ་ཡོད་ལ། འདམ་ར་དང་ཆུ་བོ། མཚེའུ་བཅས་ཀྱི་སྐྱེ་ཁམས་མ་ལག་གི་ཁོར་ཡུག་སྤུས་ཚད་ལ་གདེང་འཇོག་བྱེད་པའི་མཚོན་རྟགས་རང་བཞིན་གྱི་དངོས་རིགས་གལ་ཆེན་གྱི་གྲས་ཤིག་ཡིན།
ངུར་བ་ཕོ། ཀྲོའུ་ཡོན་ཧྥུང་གིས་པར་བླངས།
ངུར་བས་མཚོ་འགྲམ་ནས་མི་རྣམས་ལ་མཛེས་སྡུག་ལྡན་པའི་གཤོག་པ་ངོམ་པ། ཀྲོའུ་ཡོན་ཧྥུང་གིས་པར་བླངས།
       ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་དང་འདམ་ར་སྲུང་སྐྱོབ་དང་ཉམས་གསོ་བྱས་ཤིང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་ཧུར་ཐག་བྱས་པས། འདམ་རའི་སྐྱེ་ཁམས་མ་ལག་སླར་གསོ་ནུས་ལྡན་བྱུང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
ངུར་བ་ཆུར་རྐྱལ་བཞིན་པ།
འབྲེལ་ཡོད་འོས་སྦྱོར།